འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མཚོ་བོད་ས་མཐོའི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ལ་༼ རྒྱལ་ཁབ་ཀྱི་
    ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་རྟེན་གཞི་ ༽ཞེས་པའི་མིང་བཏགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་11ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ༼ ནུབ་མཚོ་གྲོང་ཁྱེར་ཚགས་པར་ ༽ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུའུ་དང་ཚན་རིག་ལག་རྩལ་པུའུ་ཡིས་མཉམ་འབྲེལ་ཐོག་༼ རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་རྟེན་གཞི་ཁག་བཞི་པའི་མིང་ཐོ་བསྒྲགས་རྒྱུའི་སྐོར་གྱི་བརྡ་ཐོ་ ༽བཀྲམ་ཡོད་ཅིང་། མིང་ཐོ་དེའི་ནང་མཚོ་སྔོན་གྱི་མཚོ་བོད་ས་མཐོའི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ལ་༼ རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་རྟེན་གཞི་ ༽(国家环保科普基地)ཞེས་པའི་མིང་བཏགས་འདུག  ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་མིང་བཏགས་པའི༼ རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་རྟེན་གཞི་ ༽ཡིན་པ་རེད།
         མཚོ་བོད་ས་མཐོའི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ནི་མིག་སྔར་རྒྱལ་ནང་དུ་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་ཀྱི་ཡ་གྱལ་ཡིན་པ་དང་། དེས་རང་རྒྱལ་དང་ཐ་ན་འཛམ་གླིང་དུ་མཚོ་བོད་ས་མཐོའི་རང་བྱུང་སྣོད་བཅུད་ཀྱི་ནང་དོན་ཁྱོན་ཡོངས་ནས་ངོ་སྤྲོད་བྱེད་པའི་རྟེན་རྫས་བཤམས་མཛོད་ཁང་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། དར་རྒྱས་ཀྱི་ཉམས་བཟང་དང་ཕུན་སུམ་ཚོགས་པའི་ཉར་ཚགས་ལ་བརྟེན་ནས་མཚོ་བོད་ས་མཐོའི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་༼ མིང་བྱང་ཡག་པོ་ ༽གཞན་ཞིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།