མི་དམངས་དྲ་བ།

༄༅།།རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོ་སྤེལ་ཚད་འཛམ་གླིང་གི་ཨང་དང་པོར་གྱུར་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། སྤྱི་ལོ་༢༠༡༤ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོ་སྤེལ་ཚད་དུང་ཕྱུར་140ཟིན་ནས་འཛམ་གླིང་གི་ཨང་དང་པོར་གྱུར་བ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་5.2འཕར་ལ། ཆེས་མང་ཤོས་སུ་ཉིན་གཅིག་ལ་དངོས་པོ་དུང་ཕྱུར་གཅིག་ལས་བརྒལ་བ་ཞིག་སྐྱེལ་འདྲེན་བྱེད་ཐུབ་ཀྱི་ཡོད། མྱུར་སྐྱེལ་གྱི་ཡོང་སྒོ་སྒོར་དུང་ཕྱུར་2040ཟིན་པ་དང་དུས་མཚུངས་ལས་བརྒྱ་ཆ་42འཕར་ཡོད་པ་རེད།
     སྤྱི་ཚེས་༦ཉིན་རྒྱལ་ཁབ་སྦྲག་སྲིད་ཅུད་ཀྱི་ཅུད་ཀྲང་མ་ཅུན་ཧྲེང་གིས་སྤྱི་ལོ་༢༠༡༥ལོའི་རྒྱལ་ཡོངས་ཀྱི་སྦྲག་སྲིད་དོ་དམ་ལས་དོན་གྲོས་ཚོགས་ཐོག རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་ལོ་རེའི་འཁོར་ཚད་སྤྱི་ལོ་༢༠༠༦ལོའི་དུང་ཕྱུར་10ནས་སྤྱི་ལོ་༢༠༡༤ལོའི་དུང་ཕྱུར་140བར་འཕར་ཞིང་། མྱུར་སྐྱེལ་ལས་རིགས་བསྟུད་མར་མགྱོགས་མྱུར་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་གསུངས་ཡོད་པ་རེད།