འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་ཉུང་མི་རིགས་སྐད་ཡིག་གི་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་སྟེགས་བུ་དྲ་ཞུགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་30ཉིན་ཀྲུང་གོ་དྲ་བ་བརྙན་འཕྲིན་ལས་ཁུངས(CNTV)ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་གི་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་སྟེགས་བུ་དངོས་སུ་དྲ་ཞུགས་བྱས་ཤིང་། ཉིན་དེར་ཀྲུང་གོ་དྲ་བ་བརྙན་འཕྲིན་ལས་ཁུངས་ཀྱིས་སོག་སྐད་དང་། ཡུ་གུར་སྐད། ཧ་སག་སྐད་བཅས་ཀྱི་ལག་ཁྱེར་ཁ་པར་གྱི་སྣེ་མོ་དང་ཡུ་གུར་སྐད་དང་། ཧ་སག་སྐད། བོད་སྐད་བཅས་ཀྱི་བརྙན་ལམ་དྲ་བ་དྲ་ཞུགས་བྱས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྲུན་རོགས་བྱས་པའི་མཚོ་སྔོན་དྲ་བའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱང་ཉིན་དེར་དྲ་ཞུགས་བྱས་པ་རེད།
         ཉེ་བའི་ལོ་ཤས་རིང་སྨྱན་སྦྱོར་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་ལ་གོ་སྐབས་གསར་པ་ཞིག་མཁོ་འདོན་བྱས་ཤིང་། ཀྲུང་གོ་དྲ་བའི་བརྙན་འཕྲིན་ལས་ཁུངས་ཀྱིས་2011ལོ་ནས་བཟུང་གོ་ལ་ཧྲིལ་པོར་ཁྱབ་པའི་དེའི་བརྙན་ལམ་བགོས་གཏོང་དྲ་བར་ཧུར་ཐག་བརྟེན་ནས་གྲངས་ཉུང་མི་རིགས་སྐད་ཡིག་གི་མཐོང་ཐོས་ལེ་ཚན་འདུས་སྒྲིལ་བྱས་ཏེ་PCསྣེ་མོ་དང་། སྒུལ་བདེའི་སྣེ་མོ། དཔོད་ཕྲན། འཕྲིན་ཆུང་སོགས་སྟེགས་བུ་མང་པོ་བརྒྱུད་གྲངས་ཉུང་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་ཡི་ཡོད་པ་རེད། 2014ལོར་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་སླར་ཡང་མཉམ་ལས་བྱས་ཏེ“བོད་སྐད་བརྙན་ལམ་དྲ་བ”བཏོན་ནས་གོ་ལ་ཧྲིལ་པོའི་ཨ་མདོའི་སྐད་དང་། ཁམས་སྐད། དབུས་གཙང་སྐད་བཅས་ཀྱི་བོད་སྐད་བརྙན་འཕྲིན་ལེ་ཚན་མཁོ་འདོན་བྱེད་མཁན་དྲ་བའི་སྟེགས་བུ་འབའ་ཞིག་ཏུ་གྱུར་པ་རེད། གོམ་སྟབས་རྗེས་མར“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”སྐྲུན་རྒྱུའི་བརྗིད་ཆེའི་བསམ་ཕྱོགས་ལ་དམིགས་ནས། གྲངས་ཉུང་མི་རིགས་སྐད་ཡིག་གི་སྨྱན་སྦྱོར་མཉམ་ལས་རོགས་ཟླ་དང་དེ་བཞིན་མཐའ་སྐོར་རྒྱལ་ཁབ་ཀྱི་བརྙན་འཕྲིན་ལས་ཁུངས་དང་མཉམ་ལས་ཀྱིས་སྨྱན་སྦྱོར་གསར་པའི་རྣམ་པའི་ཐོག་ནས་འཛམ་གླིང་ལ་ཀྲུང་གོའི་མི་རིགས་ཁག་གི་འོད་སྟོང་འཕྲོ་བའི་རིག་གནས་གསལ་འགྲེལ་བྱ་རྒྱུ་ཡིན་པ་རེད།
         གྲངས་ཉུང་མི་རིགས་སྐད་ཡིག་གི་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ཞིབ་བསྡུར་ཚོགས་འདུའི་ཐོག་ཚོགས་ཞུགས་མགྲོན་པོ་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ད་དུང“ཇི་ལྟར་བྱས་ཏེ་སྨྱན་སྦྱོར་གསར་པ་མཉམ་བསྲེས་བྱས་པ་བརྒྱུད་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་གོ་ལ་ཧྲིལ་པོར་ཁྱབ་སྤེལ་བྱ་རྒྱུ་གསར་གཏོད་ངང་འཕེལ་རྒྱས་དང་སྐུལ་གཏོང་བྱེད་དགོས”ཞེས་པའི་བརྗོད་བྱ་གཙོ་བོ་དེར་དམིགས་ནས“གྲངས་ཉུང་མི་རིགས་ས་ཁུལ་དུ་སྨྱན་སྦྱོར་གསར་པ་ཁྱབ་སྤེལ”བྱེད་པ་དང“མཐའ་སྐོར་རྒྱལ་ཁབ་དང་དེ་བཞིན་ས་མཚམས་ཕྱིའི་རྒྱལ་ཁབ་གཞན་གྱི་གྲངས་ཉུང་མི་རིགས་ལ་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ”སོགས་ཀྱི་བརྗོད་གཞིར་དམིགས་ཏེ་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།