འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ བཅུ། ཨ་རི་དང་ཁུ་པ་ཡིས་ཕྱི་འབྲེལ་འབྲེལ་བ་སླར་གསོ་ཡོང་བར་གྲོས་མོལ་བྱ་རྩིས་ཡོད་པ། འཇམ་འཐབ་ཀྱི་ཤུལ་ལུས་ངན་པར་རྒོལ་གཏམ་ཡང་ཡང་ཕོག་ནས་རྒྱུན་མཐུད་ཐབས་མེད་པ།
         ཟླ་12ཚེས་17ཉིན་ཨ་རིའི་ཙུང་ཐུང་ཨོ་པ་མ་ཡིས་ཁུ་པའི་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ལའོ་འར•ཁ་སི་ཐེ་ལུའོ་ཡིས་གཏམ་བཤད་སྤེལ་ནས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་སླར་གསོ་ཡོང་ཆེད་གྲོས་མོལ་བྱ་རྩིས་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད། ཁུ་པ་ཡིས་བཙོན་འཇུག་ལོ་5བྱས་པའི་ཨ་རིའི་འགན་གཙང་ལེན་མཁན་ཚོང་པ་ཨའེ་ལུན•ཀེ་ལུའོ་སི་དང་བཙོན་འཇུག་ལོ་20ཙམ་བྱས་པའི་ཨ་རིའི་གསང་མྱུལ་ཞིག་གློད་འགྲོལ་བཏང་བ་དང་ཨ་རིས་བཙོན་འཇུག་ལོ་15བྱས་པའི་ཁུ་པའི་གསང་མྱུལ་3གློད་འགྲོལ་བཏང་ཡོད། ཨ་རིའི་རྒྱལ་ཚོགས་ཏང་གཉིས་ཀྱི་གྲོས་མི་ཁག་གཅིག་གིས་འཕྲལ་མ་ཉིད་དུ་ཨོ་པ་མས་ཨ་རི་དང་ཁུ་པའི་འབྲེལ་བ་སླར་གསོ་ཡོང་བའི་ཐད་འབད་བརྩོན་བྱ་རྒྱུར་བཀག་འགོག་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་ངང་བཤད། ཨ་རིས་ཁུ་པར་བཀག་སྡོམ་དུས་རབས་ཕྱེད་ཀ་ཙམ་བྱས་པར་ཕྱོགས་ཁག་གིས་རྒོལ་གཏམ་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་23བསྟུད་མར་གྲོས་ཆོད་བཞག་པ་བརྒྱུད་ཨ་རིས་ཁུ་པར་བཀག་སྡོམ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཐེངས་མང་བྱས་པ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་རྩ་འཛུགས་ཀྱིས་ཀྱང་ཁུ་པར་འཛིན་པའི་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་བཙན་པོར་འགྱུར་ལྡོག་གཏོང་དགོས་པའི་བླང་བྱ་ཐེངས་མང་བཏོན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།