འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ དགུ འཛམ་གླིང་དཔལ་འབྱོར་ཉམས་ཞན་གྱི་གནས་བབ་ལེགས་སུ་སོང་མེད་པ། ཀྲུང་གོས་མྱུར་ཚད་མཐོ་འབྲིང་གི་སྒོ་ནས་འཕེལ་རྒྱས་བཏང་བ་དེས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་པ།
         2014ལོར་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཆེན་པོ་མེད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2014ལོར་འཛམ་གླིང་དཔལ་འབྱོར་འཕར་ཚད་3.3%ཟིན་པ་དང་རྒྱལ་སྤྱིའི་ཚོང་དོན་འཕར་ཚད་3.1%ཟིན་པ་དེ་གཉིས་ཀ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གོང་གི་ཆུ་ཚད་ལས་དམའ་བ་ཡོད། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་འཕེལ་ཕྱོགས་དང་སྲིད་ཇུས་ཁ་གྱེས་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོ་ཞིག་གི་འཕེལ་རྒྱས་འགྲོ་ཤུགས་ཆུང་བ། གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་བྱུང་བ། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་འཕར་ཆག་ཆེ་བ། རྡོ་སྣུམ་སོགས་ཐོན་འབོར་ཆེ་བའི་ཚོང་ཟོག་རིན་གོང་ཆེས་ཆེར་ཆག་པ། ས་བབ་དང་ཆབ་སྲིད་སོགས་དཔལ་འབྱོར་མིན་པའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ངན་པ་ཆེ་རུ་སོང་བ་བཅས་ཡོད་པས་སྒྱུར་བཅོས་གསར་གཏོད་ཀྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2014ལོར་ཀྲུང་གོས་7.4%ཡི་མྱུར་ཚད་མཐོ་འབྲིང་གི་སྒོ་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱས་པ་དེས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་ཚད་27.8%ཟིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།