འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ བརྒྱད། པེ་ཅིང་APECཚོགས་འདུ་དེ་བརྗིད་ཉམས་ལྡན་པའི་ལོ་རྒྱུས་དེབ་ཐེར་ནང་བཀོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་བ།
         ཟླ་11ཚེས་5ནས་ཚེས་11ཉིན་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་དེ་པེ་ཅིང་དུ་འཚོགས་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རྒྱས་གཏོང་འགོ་འཛུགས་རྒྱུའི་གཏན་འཁེལ་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ས་ཁུལ་ཡུན་རིང་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་དམིགས་ཚད་གསར་པ་བཏོན་ཏེ་ཁ་ཕྱོགས་གསར་པ་ཁྲིད་སྟོན་དང་སྒུལ་ཤུགས་གསར་པ་བསྣན་ཡོད། 2014ལོར་ཀྲུང་གོའི་ཕྱི་འབྲེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལས་ཀྲུང་གོའི་ཕུགས་འདུན་གྱི་འཛམ་གླིང་གི་དོན་སྙིང་གསལ་བཤད་བྱས་པ་དང་། ཞི་བདེའི་འཕེལ་རྒྱས་ཀྱི་འཐབ་ཇུས་བསམ་བློ་ཕུན་སུམ་ཚོགས་སུ་བཏང་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུའི་ནན་བཤད་བྱས་པ། ཡང་དག་པའི་དྲང་བདེན་དང་ཁེ་ཕན་གྱི་ལྟ་བ་བཏོན་པ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་བསྲིང་བཅས་ཀྱི་བདེ་འཇགས་འདུ་ཤེས་དར་སྤེལ་བཏང་བ། རྒྱལ་ཁབ་ཆེ་མོའི་དབར་གྱི་འབྲེལ་བ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་བ། མཛའ་བརྩེ་དང་། ཟོལ་མེད། གཉིས་ཕན། བསྟུན་མཁས་བཅས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་དང་བདེན་པ་དང་། ཏན་ཏིག མཛའ་བརྩེ། ཟོལ་མེད་བཅས་ཀྱི་ཨ་ཧྥེ་རི་ཁར་འཛིན་པའི་ལས་ཀའི་བྱེད་ཕྱོགས་ལག་ལེན་བསྟར་བ་བཅས་བྱས་པར་ཁྱོན་ཡོངས་ནས་ཡར་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།