འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ བདུན། དུས་ཡུན་ལོ་10བརྒྱུད་ཐང་འབབ་ཡོ་བྱད“ཧྥེ་ལའེ”གྲུབ་འབྲས་ཐོབ་པའི་ངང་སྐར་མ་དུ་བ་མཇུག་རིང་གི་སྟེང་དུ་བསྐྱོད་པ། མིའི་རིགས་ཀྱི་བར་སྣང་འཚོལ་ཞིབ་ཐད་ངོ་མཚར་ཆེ་བའི་བཀྲག་མདངས་འཚེར་ས་མང་བ།
         ཟླ་8ཚེས་6ཉིན་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་སྐར་མ་དུ་བ་མཇུག་རིང་འཚོལ་ཞིབ་ཚད་འཇལ་ཡོ་བྱད“ལུའོ་སའེ་ཐ”ཡིས་དུས་ཡུན་ལོ་10དང་སྤྱི་ལེ་དུང་ཕྱུར་64ལྷག་ཙམ་འཕུར་སྐྱོད་བྱས་པ་བརྒྱུད་སྐར་མ་དུ་བ་མཇུག་རིང“ཆིའུ་ལིའུ་མུའོ་ཕུ-ཀེ་ལ་ཤིས་མན་ཁོའོ”རྗེས་སྙེག་ཐུབ་པ་རེད། ཟླ་11ཚེས་12ཉིན་སྐར་མ་དུ་བ་མཇུག་རིང་གི་ཐང་འབབ་ཡོ་བྱད“ཧྥེ་ལའེ”“ཆིའུ་ལིའུ་མུའོ་ཕུ-ཀེ་ལ་ཤིས་མན་ཁོའོ”ཡི་ཐོག་བསྐྱོད་ཐུབ་ཡོད། དེ་ནི་མི་བཟོས་འཚོལ་ཞིབ་ཚད་འཇལ་ཡོ་ཆས་སྐར་མ་དུ་བ་མཇུག་རིང་ཐོག་ཐེངས་དང་པོ་བསྐྱོད་པ་ཞིག་ཡིན་ཞིང་། བྱེད་ཐབས་དེས་མིའི་རིགས་ཀྱིས་ཉི་མའི་ཁྱིམ་རྒྱུད་དང་ས་གོ་ལའི་ཚེ་སྲོག་གི་འབྱུང་ཁུངས་ལ་སྔར་བས་འཚོལ་ཞིབ་བྱ་རྒྱུར་ཕན་ཐོགས་ཡོད།
         2014ལོའི་མིའི་རིགས་ཀྱི་བར་སྣང་འཚོལ་ཞིབ་ཐད་ངོ་མཚར་ཆེ་བའི་བཀྲག་མདངས་འཚེར་ས་མང་བ་སྟེ། ཀྲུང་གོའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་འདུ་འགོད་ལ་སྐུལ་འདེད་བཏང་བ་དང་། རྒྱ་གར་གྱི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ཚད་འཇལ་ཡོ་བྱད་སྐར་མ་མིག་དམར་གྱི་བགྲོད་ལམ་ཐོག་ཐེངས་དང་པོ་བསྐྱོད་པ། ཨ་རིའི“རྔོན་པའི་སྐར་ཚོམ”གྱི་སྤྱོད་སྒོ་མང་བའི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་ཚོད་ལྟའི་འཕུར་སྐྱོད་ཐེངས་དང་པོ་ལེགས་གྲུབ་བྱུང་བ་བཅས་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།