འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ དྲུག ཕུའུ་ཀེ་སེན་གྱི་གྱོད་གཞིར་ཨ་རི་ཡོངས་སུ་རྒོལ་གཏམ་གཏོང་བ་དང་རྔམ་སྟོན་བྱས་པ། རིགས་རྒྱུད་ཐ་དད་ལ་མཐོང་ཆུང་བྱེད་པའི་ཁྲིམས་འཛིན་གྱི་སྐྱོན་ཆ་སེལ་དཀའ་བ།
         ཟླ་8ཚེས་9ཉིན་ཨ་རིའི་དབུས་རྒྱུད་སྨི་སུའུ་ལི་ཀྲོའུ་ཧྲེང་ལུའུ་དབྱི་སི་གྲོང་ཁྱེར་ཕུའུ་ཀེ་སེན་གྲོང་རྡལ་དུ་མི་རྒྱུད་དཀར་པོའི་ཉེན་རྟོག་པས་ལོ་18ལ་སླེབས་པའི་མི་རྒྱུད་ནག་པོའི་གཞོན་ནུ་མའེ་ཁེར•པུ་ལང་མེ་མདའ་བརྒྱབ་ནས་བསད་པ་དང་ཟླ་11ཚེས་24ཉིན་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་རྒྱུད་དཀར་པོའི་ཉེན་རྟོག་པ་ཝེའར་ཞུན་ལ་ཁྲིམས་གཏུག་མི་བྱེད་རྒྱུའི་ཁྲུན་ཐག་བཅད། ཕུའུ་ཀེ་སེན་གྱི་གྱོད་གཞིར་ཨ་རི་ཡོངས་སུ་རྒོལ་གཏམ་གཏོང་བ་དང་རྔམ་སྟོན་བྱས་པ་དང་ཟླ་12ཚེས་3ཉིན་ཉིའུ་གཡོད་ས་གནས་ཁྲིམས་ཁང་གི་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཀྱིས་2014ལོའི་ཟླ་7པར་མི་རྒྱུད་ནག་པོའི་ཚོང་པ་ཉི་ཚེ་བའི་སྐེ་བཙིར་ནས་གསོད་མཁན་མི་རྒྱུད་དཀར་པོའི་ཉེན་རྟོག་པ་ཁྲིམས་གཏུག་མི་བྱེད་རྒྱུའི་གཏན་འབེབས་བྱས་པར་ཨ་རིའི་ས་ཆ་ཁག་ཏུ་སླར་ཡང་གཞི་ཁྱོན་ཆེ་བའི་རྒོལ་གཏམ་བཏང་བ་རེད། གྱོད་གཞི་དེ་རིགས་ལས་བརྟན་ཞིང་གཡོ་བ་མེད་པའི་ཨ་རིའི་རིགས་རྒྱུད་ཐ་དད་ལ་མཐོང་ཆུང་བྱེད་པའི་གནད་དོན་དང་ཁྲིམས་འཛིན་གྱི་སྐྱོན་ཆ་མངོན་ཡོད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།