འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ ལྔ། རི་པིན་གྱིས་རང་སྲུང་ཙམ་གྱི་འགོག་སྲུང་བདེ་སྲུང་སྲིད་ཇུས་བློས་བཏང་བ། ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ལུགས་མཐུན་གྱི་བདེ་འཇགས་ལ་དོ་ཁུར་བྱེད་དགོས་ལུགས་བཤད་པ།
         ཟླ་7ཚེས་1ཉིན་རི་པིན་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་འགྲེལ་བཤད་ལ་བཟོ་བཅོས་བརྒྱབ་ནས་མཉམ་སྡེབ་རང་སྲུང་དབང་ཆ་སྤྱོད་ཆོག་པའི་གཏན་འབེབས་དངོས་སུ་བྱས་པ་དེ་ཐོག་ནས་རི་པིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་པའི“རང་སྲུང་ཙམ་གྱི་འགོག་སྲུང”གི་བདེ་སྲུང་སྲིད་ཇུས་བློས་བཏང་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་སྒྲིག་སྲོལ་ཚད་བརྒལ་བྱེད་པའི་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད། རི་པིན་གྱི་རྒྱལ་ནང་དུ་བཀག་རྒྱ་གློད་པར་ངོ་རྒོལ་བྱེད་པའི་མཉམ་སྡེབ་རང་སྲུང་དབང་ཆའི་འབོད་སྒྲ་ཇེ་ཆེར་འགྲོ་གི་ཡོད། ལོ་རྒྱུས་ཀྱིས་རྐྱེན་པས་དམག་དོན་བདེ་འཇགས་ཁྱབ་ཁོངས་ཁྲོད་ཀྱི་རི་པིན་གྱི་སྲིད་ཇུས་འགུལ་ཕྱོགས་ལ་སྔར་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་དོ་ཁུར་བྱུང་ཡོད།
         རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རི་པིན་གྱིས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལུགས་མཐུན་བདེ་འཇགས་ལ་བརྩི་འཇོག་ཏན་ཏིག་བྱས་ཏེ་འབྲེལ་ཡོད་གནད་དོན་གཟབ་ནན་ངང་ཐག་གཅོད་བྱེད་པ་ལས་རྒྱལ་ཁབ་གཞན་དག་གི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་བ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་འཚེ་གཏོང་མི་རུང་བའི་རེ་འབོད་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།