འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ བཞི།“དབྱི་སི་ལམ་རྒྱལ་ཁབ”ཕྱོགས་གཏོགས་ཀྱིས་དབུས་ཤར་རྒྱལ་ཁབ་ཏུ་ཟིང་བསླངས་པ། རྒྱལ་སྤྱིའི་མནའ་འབྲེལ་དམག་དོན་གྱི་རྡུང་རྡེག་གཏོང་བའི་ཕན་ནུས་དེ་ཙམ་ཆེན་པོ་མེད་པ།
         ཟླ་6པར་ཐལ་སྐྱོད་སྒྲིག་འཛུགས“དབྱི་སི་ལམ་རྒྱལ་ཁབ”ཀྱིས་དབྱི་རག་གི་བྱང་ནས་ལྷོ་བར་གྲོང་ཁྱེར་བཙན་བཟུང་དང་ས་ཆ་འཕྲོག་ལེན་བྱེད་འགོ་བཙུགས་ནས་དབྱི་རག་ནུབ་རྒྱུད་དང་སི་རི་ཡའི་ཤར་རྒྱུད་དང་བྱང་རྒྱུད་དུ་ཆོས་ལུགས་རྒྱལ་ཁབ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཟླ་8ཚེས་8ཉིན་ཨ་རིས་དབྱི་རག་གི་བྱང་རྒྱུད་དུ“དབྱི་སི་ལམ་རྒྱལ་ཁབ”ཀྱི་དྲག་ཆས་ལ་མཁའ་ཐོག་ནས་འཇབ་རྒོལ་བྱེད་འགོ་བཙུགས་པ་དང་འབྲེལ་དབྱི་རག་སྲིད་གཞུང་དམག་དང་ཁུའར་ཏེ་ཡུལ་དམག་ལ་དམག་དོན་རོགས་སྐྱོར་བྱས་ཡོད། ཟླ་9ཚེས་10ཉིན་ཨ་རི་དང་། དབྱིན་ཇི། ཧྥ་རན་སེ་སོགས་རྒྱལ་ཁབ་60ཚུད་པའི“དབྱི་སི་ལམ་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།