འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ གསུམ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ལ་ཨའེ་པོ་ལ་རིམས་ནད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པ། ཀྲུང་གོས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་ཏེ་སྤུན་ཟླའི་དབར་གྱི་བརྩེ་སེམས་མཚོན་པ།
         ཟླ་3པར་ལོ་རྒྱུས་ཐོག་ཚབས་ཆེ་ཤོས་ཀྱི་རིམས་ནད་ཨའེ་པོ་ལ་ནུབ་ཨ་ཧྥེ་རི་ཁའི་ས་ཁུལ་དུ་ཐོན་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ནང་ཀི་ནེ་ཡ་དང་། ལི་པེ་རི་ཡ། སི་ར་ལ་ཨོང་བཅས་སུ་རིམ་རྩིས་བརྒྱབ་ན་ནད་དཔེ་17800ཐོན་ནས་མི་ཤི་ཚད་6331བར་མང་དུ་ཕྱིན་པ་རེད།
         ཀྲུང་གོ་སྲིད་གཞུང་གིས་སྔ་རྗེས་སུ་ཐེངས་བཞི་དང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་7.5ཡི་ཛ་དྲག་ཆེ་བའི་རོགས་སྐྱོབ་བྱས་ཏེ་རིམས་ནད་ཁུལ་གྱི་འཐབ་ཕྱོགས་དང་པོར་སྒུལ་བདེའི་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་མཁོ་འདོན་བྱས་ནས་ལྟ་ཞིབ་ལྟེ་གནས་དང་སྨན་བཅོས་ལྟེ་གནས་བསྐྲུན་པ་དང་འཁོར་རྒྱུག་བྱེད་རོགས་བྱས་པ་དང་སྤྱི་པའི་འཕྲོད་བསྟེན་གྱི་དགེ་འོས་གསོ་སྦྱོང་བྱས་ཐོག་རིམས་ནད་ཁུལ་དུ་བཏང་ཟིན་པ་དང་གཏོང་རྩིས་ཡོད་པའི་ལས་དོན་མི་སྣ་མི་ཐེངས་1000ལྷག་ཙམ་ཟིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།