འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ◆ གཉིས། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་MH370གར་སོང་ཆ་མེད་དུ་གྱུར་པ། རྒྱལ་ཁབ་མང་པོས་རྒྱལ་སྤྱིའི་འཚོལ་སྐྱོབ་བྱ་སྤྱོད་ནང་ནུས་ཤུགས་ཡོད་རྒུས་ཞུགས་པ།
         ཟླ་3ཚེས་8ཉིན་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་MH370ཁྭ་ལ་ལུམ་ཕུར་ནས་པེ་ཅིང་དུ་འཕུར་བའི་ལམ་བར་དུ་འབྲེལ་བ་ཆད་པ་དང་གནམ་གྲུའི་ནང་ཀྲུང་གོའི་སྤུན་ཟླ་154ཚུད་པའི་མི་239ཡོད་ཅིང་། རྒྱལ་ཁབ་26གིས་སྐམ་ས་དང་མཚོ་ཐོག་ཏུ་གཞི་ཁྱོན་ཆེ་བའི་འཚོལ་ཞིབ་བྱས་པ་རེད། མིག་སྔར་འཚོལ་སྐྱོབ་བྱ་སྤྱོད་སྤེལ་བཞིན་ཡོད་མོད། འོན་ཀྱང་གནམ་གྲུ་དེ་ད་དུང་རྙེད་མེད། ཀྲུང་གོས་རྒྱ་མཚོ་དང་། བར་སྣང་སོགས་ཀྱི་སྟོབས་ཤུགས་སྔ་ན་མེད་པ་འདོན་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་འཚོལ་སྐྱོབ་ནང་ཞུགས་པ་དང་འཚོལ་སྐྱོབ་ཀྱི་འཕེལ་རིམ་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཐོག་འཕྲལ་སྡོམ་ཐག་གཅོད་དང་ཀྲུང་གོའི་སྤྱི་དམངས་ཀྱི་རྗེས་འཇུག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། མི་རྩ་བར་འཛིན་པའི་སྲིད་སྐྱོང་འདུ་ཤེས་དང་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་ལ་བརྟེན་ནས་ཀྲུང་གོར་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།