འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་ཤུགས་ཆེན་བྱས་ནས་དངོས་
    གཉེར་དང་གྲོན་ཆུང་ངང་དུས་ཆེན་གཏོང་རྒྱུའི་འགན་ལེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་28ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱིས《སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་ཤུགས་ཆེན་བྱས་ནས་དངོས་གཉེར་དང་གྲོན་ཆུང་ངང་དུས་ཆེན་གཏོང་རྒྱུའི་འགན་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་པ་གཤམ་གསལ། ཉེ་ཆར་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2015ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བརྗོད)འགྲེམས་སྤེལ་བྱས་པ་རེད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ནན་ཏན་འཁུར་བ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་ཤུགས་ཆེན་བྱས་ནས《བརྡ་ཐོའི》བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས།
           “སྤྱོད་ཚུལ་བཞི”མི་ཐོན་པ་བྱ་རྒྱུར་དམིགས་ནས《བརྡ་ཐོའི》ནང་བཏོན་པའི་གཏན་འབེབས་དང་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་ཆད་གཅོད་ནན་པོ་བྱས་ནས་ངོ་སོ་མི་ལྟ་བ་དང་དམིགས་བསལ་བྱེད་མི་རུང་། ལྷག་དོན་དུ་ཀྲུང་དབྱང་གིས་གསལ་བསྒྲགས་ཡང་ཡང་གནང་ནས་བཀག་འགོག་བྱེད་པའི་འགོ་ཁྲིད་ལས་བྱེད་པས་གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱེད་པ་དང་། གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་འགྲོ་བ། གཞུང་དངུལ་སྤྱད་དེ་འབུལ་ཚན་སྤྲོད་པ། གཞུང་འཁོར་སྒེར་སྤྱོད་བྱེད་པ། འབུལ་ཚན་ལེན་པ། སྒེར་གྱི་འདུས་གནས་ལ་འགྲོ་སྐྱོད་བྱེད་པ། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་ལ་ཁ་གཡར་ནས་དངུལ་ལེན་པ། གསོ་སྦྱོང་ལྟེ་གནས་སུ་བག་མེད་ཆུད་ཟོས་དང་ལོངས་སྤྱོད་བྱེད་པ་སོགས་གནད་དོན་ཤེས་རྟོགས་ཐུབ་ཚེ་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་དགོས། ཐད་ཀའི་འགན་འཁྲི་བའི་འགན་འཁྲི་རྩད་གཅོད་བྱེད་པ་དང་དུས་མཚུངས་ཏང་ཨུད་(ཏང་ཙུའུ)ཀྱིས་གཙོ་གཟུགས་ཀྱི་འགན་འཁྲི་ཡག་པོ་མ་འཁུར་བས་དོ་དམ་ཁྱབ་ཁོངས་ནང་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་བྱེད་སྤྱོད་ཐོན་ནས་ཤུགས་རྐྱེན་ངན་པོ་བཟོས་པའམ་ཡང་ན་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་བྱེད་སྤྱོད་ལ་ཞིབ་བཤེར་མི་བྱེད་པ་དང་། ཕྱོགས་ཞེན་དང་འགེབས་སྲུང་བྱེད་པ་དང་ཐ་ན་གྱོད་གཞི་ཞིབ་གཅོད་ལས་དོན་ལ་ཐེ་གཏོགས་བྱས་ཚེ་དེའི་གཙོ་གཟུགས་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་དང་། སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)ཀྱིས་ཏང་ཨུད་(ཏང་ཙུའུ)ཀྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་ཡག་པོ་མ་བྱས་པས་དོ་དམ་ཁྱབ་ཁོངས་ནང་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་བྱེད་སྤྱོད་ཐོན་ནས་ཤུགས་རྐྱེན་ངན་པ་བཟོས་པའམ་ཡང་ན་ལྟ་སྐུལ་ཞིབ་བཤེར་ནན་པོ་མི་བྱེད་པ་དང་། གནད་དོན་ཤེས་རྟོགས་ཐུབ་ཚེ་སྦས་གསང་བྱས་ནས་སྙན་སེང་མི་ཞུ་བ། ནར་འགྱངས་བྱས་ནས་རྩད་གཅོད་མི་བྱེད་པ། འགན་འཁྲི་རྩད་གཅོད་གནས་འབྱོར་མི་ཐུབ་པ་བཅས་བྱས་ཚེ་དེའི་ལྟ་སྐུལ་གྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་དམིགས་བསལ་དུ་ནན་བཤད་བྱེད་དགོས། དཔེར་འོས་གནད་དོན་ལ་མིང་ངོ་མ་བཏོན་ནས་བརྡ་ཁྱབ་དང་ཡོངས་བསྒྲགས་བྱས་ཏེ་འཇིགས་སྣང་སྐྱེད་པ་ཞིག་ཆགས་པ་བྱེད་དགོས། ལྟ་སྐུལ་གྱི་ལམ་བུ་ཤར་གཏོང་བྱེད་པ་དང་ཐེར་འདོན་སྙན་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་མང་ཚོགས་དང་སྨྱན་སྦྱོར་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཞན་ལ་སློབ་གསོ་རྒྱག་པར་རང་ཉིད་བྱང་ཆུབ་པ་དགོས་ཞེས་པ་ལྟར་རྒྱ་ཆེའི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པས་རང་ཉིད་ནས་བྱེད་འགོ་ཚུགས་ཏེ་སྣེ་ཁྲིད་ངང《བརྡ་ཐོའི》དགོངས་དོན་དོན་འཁྱོལ་བྱེད་པ་དང་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་སྒྲིག་བཀུར་ཁྲིམས་སྲུང་གི་མིག་དཔེ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།