འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།༼ལམ་གྱི་རྨི་ལམ་༽ལ་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༼ལམ་གྱི་རྨི་ལམ་༽ལ་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་ཐོབ་པ།
            སྤྱི་ཟླ༡༢བའི་ཚེས༢༠ཉིན། ཀྲུང་གོའི་གསེར་གྱི་བྱ་དེ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན(中国金鸡百花电影节)གྱི༢༠༡༤ལོའི་སློབ་གླིང་གི་གློག་བརྙན་ཐུང་ངུའི་འགྲན་བསྡུར་བྱེད་སྒོའི་བྱ་དགའ་གནང་བའི་མཛད་སྒོ་དེ་པེ་ཅིང་གློག་བརྙན་སློབ་གླིང་དུ་འཚོགས་ཤིང་། བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་འཁྲབ་ཁྲིད་གནང་བའི་༼ལམ་གྱི་རྨི་ལམ་༽ཞེས་པའི་བརྙན་ཐུང་ལ་གློག་བརྙན་དུས་ཆེན་དེའི་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་ཐོབ་འདུག
         ༼ལམ་གྱི་རྨི་ལམ་༽ཞེས་པའི་གློག་བརྙན་འདི་ནི་ཨ་སྒང་ཡར་རྒྱས་ཀྱི་སློབ་སྐབས་ལས་བྱ་ཞིག་ཡིན་ཞིང་། གློག་བརྙན་ནང་གཙོ་བོ་སློབ་གྲྭར་དགའ་བའི་སྤྲུལ་སྐུ་ཆུང་ཆུང་ཞིག་གི་འཚོ་བ་དང་རེ་འདུན་བརྗོད་པ་བརྒྱུད། དགོན་པའི་སྲོལ་རྒྱུན་སློབ་གསོར་དུས་སྐབས་གསར་བའི་ནང་འཕྲད་པའི་དཀའ་ངལ་སོགས་མཚོན་ཡོད།
          གློག་བརྙན་འདིའི་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཨ་སྒང་ཡར་རྒྱས་ནི༡༩༩༡ལོར་མདོ་སྨད་རྔ་བ་རུ་སྐྱེས་ཤིང་། སྔ་གཞུག་ཏུ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དང་རྔ་བ་ཁུལ་མཐོ་འབྲིང་སློབ་གྲྭ་སོགས་འགྲིམས་ཤིང་། ད་ལྟ་པེ་ཅིང་གློག་བརྙན་སྒྱུ་རྩལ་སློབ་གླིང་དུ་འཁྲབ་ཁྲིད་ཆེད་ལས་ལ་སློབ་གཉེར་བྱེད་བཞིན་ཡོད། ད་སྔ་ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ལ་༼ལམ་གྱི་རྨི་ལམ་༽ཕུད། ད་དུང་༼བསོད་ལྷ་༽ཞེས་པའི་བོད་ཀྱི་ཡུལ་སྡེ་ཕལ་བ་ཞིག་ཏུ་བྱུང་བའི་ཕོ་མོའི་བར་གྱི་ཡ་ང་བའི་བརྩེ་དུང་མཚོན་པའི་གློག་བརྙན་ཞིག་ཀྱང་ཡོད།
           ཁོང་གི་༼ལམ་གྱི་རྨི་ལམ་༽ཞེས་པའི་གློག་བརྙན་འདིར་གོང་བརྗོད་བྱ་དགའ་ཕུད། ད་དུང་ཞིས་ཁོའུ་ཡུལ་སྐོར་བུམ་པའི(溪口旅游杯)འཁྲབ་གཞུང་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་སོགས་ཐོབ་མྱོང་ཞིང་། དུས་མཚུངས་སུ་གློག་བརྙན་འདི་པེ་ཅིང་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་འགྲེམ་སྟོན་བྱེད་སྒོ་དང་། ཧྲང་ཧའེ་སློབ་གྲྭ་ཆེན་མོ་བའི་བརྙན་འཕྲིན་དུས་ཆེན་སྐབས་བདུན་པའི་བརྙན་ཐུང་འགྲན་བསྡུར། ཅིན་ཧྲན་ཡེ་བརྙན་ཐུང་འགྲན་བསྡུར་སོགས་ཀྱི་དངོས་གཞིའི་གློག་བརྙན་ནང་བདམས་ཐོན་བྱུང་ལ། ༢༠༡༤ལོར་གློག་བརྙན་འདིའི་ཕབ་སྐྲུན་ཚོགས་ཆུང་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ནང་ཚན་བརྙན་ཐུང་འགྲན་བསྡུར་གྱི་གཟེངས་བསྟོད་ཚོགས་ཆེན་སོགས་ལའང་ཞུགས་མྱོང་ཡོད་པ་རེད། གློག་བརྙན་འདིར་གཤམ་གྱི་དྲ་གནས་བརྒྱུད་གཟིགས་ཆོག http://tv.sohu.com/20140704/n401776122.shtml
    【1】  【2】
    ༄༅།།༼ལམ་གྱི་རྨི་ལམ་༽ལ་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།