འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ བྱེད་པའི་རྟ་སྒ་ཆ་སྒྲིག་གི་ཡིག་ཆ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ༼རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལག་བསྟར་བསམ་འཆར་༽ལག་བསྟར་དོན་འཁྱོལ་བྱ་ཆེད་ཚེས་16ཉིན་སློབ་གསོ་པུས་༼སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་སྐོར་གྱི་ལག་བསྟར་བསམ་འཆར་༽དང་༼སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽ཁྱབ་བསྒྲགས་བྱས་པ་རེད། རྟ་སྒ་ཆ་སྒྲིག་གི་ཡིག་ཆ་དེ་གཉིས་ནང་ལོ་མང་ལག་ལེན་བྱས་པའི་རྨང་གཞིའི་ཐོག་མཐོ་རིམ་སློབ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་དེའི་དབང་གྲགས་རང་བཞིན་ཆེ་རུ་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་བཏང་བ་དང་མཐོ་རིམ་སློབ་འབྲིང་གི་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་བྱེད་སྟངས་ཚད་ལྡན་དུ་བཏང་ནས་གོ་རིམ་ཁ་གསལ་ཡོངས་བསྒྲགས་དང་ནང་དོན་འཁྲུལ་བ་མེད་ལ་ཡིད་རྟོན་རུང་བ་ཞིག་ཡོང་བ་བྱས་ཡོད།
          སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་མཐོ་རིམ་སློབ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་གྱི་སློབ་ཚན་ཚད་གཞི་དང་རྒྱུག་ལེན་ཚད་གཞི་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པ་ཞིག་དང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ་ཞིག་རེད། རྒྱུགས་ལེན་པའི་ཁོངས་སུ་སློབ་ཚན་ཚང་མ་ཚུད་པའི་ནང་རྒྱ་ཡིག་དང་། རྩིས་རིག བསམ་བློ་ཆབ་སྲིད། ལོ་རྒྱུས། ས་ཁམས། དངོས་ཁམས། རྫས་འགྱུར། སྐྱེ་དངོས་སོགས་སློབ་ཚན་ཡོད། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་ནས་རྒྱུགས་ལེན་རྒྱུ་དང་། སྒྱུ་རྩལ(རོལ་དབྱངས་དང་རི་མོ)དང་། ལུས་རྩལ་ལམ་བདེ་ཐང་། ཀུན་འཕྲོད་ལག་རྩལ། ཆ་འཕྲིན་ལག་རྩལ་སོགས་སློབ་ཚན་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་གཅིག་གྱུར་ཐོག་བླང་བྱ་འདོན་རྒྱུ་དང་ཞིབ་ཕྲའི་རྒྱུགས་ལེན་བྱེད་སྟངས་སྣ་ཚོགས་ཡོད་ཆོག
          མཐོ་རིམ་སློབ་ཞུགས་རྒྱུགས་ལེན་སྦྱངས་འབྲས་ཁོངས་སུ་བརྩི་འཇུག་བྱ་རྒྱུའི་རྒྱུགས་ལེན་སློབ་ཚན་ལ་ཆ་མཚོན་ན་དྲུག་ནས་གསུམ་དང་བདུན་ནས་གསུམ་འདེམས་ཆོག་པ་ལ་སོགས་དང་སྐར་གྲངས་ལ་མཐོང་ཆེན་བྱེད་ཤུགས་ཆུང་དུ་གཏོང་ཆེད་སྦྱངས་འབྲས་དག་A.B.C.D.Eབཅས་རིམ་པ་ལྔ་རུ་ཕྱེ་ནས་རྩིས་རྒྱག་རྒྱུ་རེད། མཐོ་རིམ་སློབ་ཞུགས་ཀྱི་རྒྱུགས་ལེན་སྦྱངས་འབྲས་ཁོངས་སུ་བརྩི་འཇུག་མི་བྱ་རྒྱུའི་རྒྱུགས་ལེན་སློབ་ཚན་གྱི་སྦྱངས་འབྲས་དག་ཚད་ལོན་པ་དང་མ་ལོན་པ་གཉིས་སུ་དབྱེ་རྒྱུ་རེད། སློབ་ཆེན་གྱི་འབྲེལ་ཡོད་ཆེད་ལས་ཀྱིས་སློབ་ཚན་ཐད་ཀྱི་རེ་བ་སྔ་སྣུར་དུ་ཁྱབ་བསྒྲགས་བྱས་ནས་སློབ་འབྲིང་གི་སློབ་མར་སྔོན་ལ་ཤེས་སུ་འཇུག་དགོས་པ་དང་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་སྦྱངས་འབྲས་ཁོངས་སུ་བརྩི་འཇུག་བྱ་རྒྱུའི་སློབ་ཚན་མཐོ་རིམ་སློབ་འབྲིང་དུ་ཞུགས་པའི་ལོ་གསུམ་ནང་ཁ་བཀྲམ་ནས་རྒྱུགས་ལེན་དགོས། སློབ་མས་རང་གིས་བདམས་པའི་སློབ་ཚན་དག་བཅོས་བྱེད་ཆོག གལ་ཏེ་སློབ་མར་སློབ་ཚན་ཞིག་རྒྱུགས་ཡག་པོ་མ་བྱུང་བའི་ཚོར་སྣང་བྱུང་ན་རྒྱུགས་ཐེངས་གཉིས་པ་སྤྲོད་ཆོག
          སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ནང་དོན་གྲས་སུ་བསམ་བློ་ཀུན་སྤྱོད་དང་། སྦྱོང་ཚན་ཆུ་ཚད། ལུས་སེམས་བདེ་ཐང་། སྒྱུ་རྩལ་བྱང་ཚད། སྤྱི་ཚོགས་ལག་ལེན་བཅས་ཕྱོགས་ལྔ་ཚུད་ཡོད། སྲིད་ཇུས་གསར་པའི་ནང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གི་གོ་རིམ་ལྔ་སྟེ་དངོས་དོན་འབྲི་འགོད་དང་། ལེགས་སྒྲིག་གདམ་གསེས། མངོན་གསལ་ཞིབ་བཤེར། ཡིག་ཚགས་སྒྲིག་བཟོ། དཔྱད་ཡིག་བེད་སྤྱོད་བཅས་ཡིན་པ་གསལ་པོར་བཏོན་ཡོད། སློབ་བསྡུ་བེད་སྤྱོད་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ཆ་མཚོན་ན། སློབ་གྲྭས་ཡོངས་བསྒྲགས་བྱེད་དགོས་པ་དང་འབྲེལ་ཡོད་དགེ་རྒན་གྱིས་མིང་རྟགས་བཀོད་ནས་ཁས་ལེན་བྱེད་དགོས། མཐོ་རིམ་སློབ་འབྲིང་གི་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ལས་དོན་དྲང་བདེན་དང་གཞུང་དྲང་ཡོང་བ་བྱ་ཆེད་ཞིང་ཆེན་ཚང་མས་ཞིང་ཆེན་ཡོངས་གཅིག་གྱུར་གྱི་གློག་རྡུལ་ཅན་གྱི་སྟེགས་བུ་བཙུགས་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ལས་དོན་ཞིང་ཆེན་ནང་ཁུལ་གྱི་མི་སེར་གྱི་ལྟ་སྐུལ་འོག་སྤེལ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།