འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་པ་དང་རྩལ་སློབ་པ་གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་༢༠༡༤ལོའི་བོད་ཡོངས་ཀྱི་སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་པའི་རྐང་འཛིན་པ་དང་རྩལ་སློབ་པའི་གསོ་སྦྱོང་འཛིན་གྲྭ་དེ་ཉིང་ཁྲི་རྫོང་བྲག་ཡིབ་གྲོང་རྡལ་དུ་འཚོགས་ཤིང་། ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བའི་ཕུལ་བྱུང་གི་སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་པ་དང་རྩལ་སློབ་པ་༥༠ལྷག་ཙམ་གསོ་སྦྱོང་ཁྲོད་ཞུགས་པ་རེད།
         དུས་ཡུན་ཉིན་༡༢ཀྱི་གསོ་སྦྱོང་ཁྲོད་ཁྲེང་ཏུའུ་ལུས་རྩལ་སློབ་གླིང་ནས་ཡོང་བའི་གཙོ་ཁྲིད་དགེ་རྒན་དང་རིགས་གཅིག་མཁས་ཅན་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་འཆར་འགོད་སོགས་རིགས་པའི་གཞུང་ལུགས་ཤེས་བྱ་འཆད་ཁྲིད་བྱ་རྒྱུ་དང་དུས་མཚུངས་ལག་བསྟར་དངོས་ཀྱི་གསོ་སྦྱོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།