འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་༢༠༡༥ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་
    རྒྱུགས་སྤྲོད་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ཀྱི་ཐེར་འདོན་གོང་ཞུའི་
    ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ༢༠༡༥ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་དེ་ཟླ་༡༢ཚེས་༢༧ཉིན་ནས་ཚེས་༢༩ཉིན་བར་གཏོང་རྒྱུ་ཡིན་ཞིང་། ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དྲང་སྙོམས་དང་ཁ་དན་ཚིག་གནས་ཀྱི་རྒྱུགས་སྤྲོད་ཁོར་ཡུག་བཏོད་ཐོག་རྒྱུགས་སྤྲོད་སློབ་མའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་དྲང་སྙོམས་དྲང་གཞག་ཡོང་བའི་འགན་ལེན་བྱ་ཆེད། སློབ་གསོ་པུས་ཚེས་༡༦ཉིན་༢༠༡༥ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་པ་རེད།
         སློབ་གསོ་པུས་བཙུགས་པའི་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ནི་༠༡༠—༨༢༥༢༠༠༢༩དང་༠༡༠—༦༦༠༩༧༡༦༨ཡིན་པ་དང་དུས་མཚུངས་སློབ་གསོ་པུས་ས་ཆ་ཁག་གི་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ཀྱང་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ལྟ་སྐུལ་ཁྲོད་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུས་པ་རེད།
         སློབ་གསོ་པུས་ནན་ཏན་ངང་དྲན་སྐུལ་བྱས་དོན། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོས་<<ཁ་དན་ཚིག་གནས་ཀྱི་རྒྱུགས་སྤྲོད་ཁས་ལེན་ཡི་གེ་>>ལག་ལེན་ནན་པོ་བསྟར་བ་དང་། རང་རྟོགས་ངང་<<རྒྱུགས་རའི་སྒྲིག་ལམ་>>ལ་བརྩི་སྲུང་ཞུ་བ། རྒྱུགས་སྤྲོད་ལྟ་ཞིབ་མི་སྣའི་དོ་དམ་དང་ལེན་ཞུ་བ། ཁ་དན་ཚིག་གནས་དང་ཡ་རབས་ངང་རྒྱུགས་སྤྲོད་བཅས་བྱེད་པ་ལས་རྒྱུགས་སྤྲོད་གསོ་སྦྱོང་སྒྲིག་གཞི་ལ་ལའི“རྒྱུགས་སྤྲོད་འགན་ལེན”སོགས་རྫུན་གཏམ་དྲིལ་བསྒྲགས་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་ལ་མགོ་སྐོར་ཐེབས་རྒྱུར་དོགས་ཟོན་བྱེད་པ་དང་ལྷག་པར་དུ་ཁྲིམས་འགལ་བྱེད་སྤྱོད་ཁྲོད་ཞུགས་མི་ཆོག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།