འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་ངོ་མ་གསལ་བཟོ་བྱས་ནས་ལོ་རྒྱུས་དེང་གི་དཔྱད་གཞིར་འཛིན།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ལོ་རྒྱུས་བརྗོད་དོན་གཙོ་བོར་བྱས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བོད་ཀྱི་གསང་སྒྲུང》ཞེས་པར་རང་ལྗོངས་ཀྱི་རྒྱ་ཆེའི་ལྟད་མོ་བས་ཧ་ཅང་དགའ་པོ་བྱེད་པ་དང་དུས་མཚུངས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དོ་ཁུར་ཚད་མེད་བྱེད་བཞིན་ཡོད།
          ཚེས་16ཉིན《བོད་ཀྱི་གསང་སྒྲུང》གི་ལོ་རྒྱུས་རྒྱབ་ལྗོངས་དང་། མི་སྣ་བཀོད་སྒྲིག བརྗོད་བྱའི་གྲུབ་ཆ་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པས་འཁྲབ་ཚན་དེའི་ཞིབ་བཤེར་ལས་དོན་ནང་ཐེངས་མང་ཞུགས་མཁན་རང་ལྗོངས་ཀྱི་གྲགས་ཅན་མཁས་དབང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཧོ་ཙུང་དབྱིང་ལ་བཅར་འདྲི་ཞུས་པ་ཡིན།
           ཧོ་ཙུང་དབྱིང་གིས《བོད་ཀྱི་གསང་སྒྲུང》ནི་རིན་ཐང་ཆེན་པོ་ལྡན་པའི་བརྙན་འཕྲིན་བརྩམས་ཆོས་ཤིག་ཡིན་ཞིང་། དེས་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ནས་མཐོ་རིམ་སྐུ་དྲག་ཁ་ཤས་ཀྱི་གཏམ་རྒྱུད་བརྒྱུད་དུས་རབས་གོང་མའི་ལོ་རབས་སུམ་ཅུ་ནས་ལྔ་བཅུའི་བར་གྱི་བོད་རྙིང་པའི་ཟང་ཟིང་དང་འགྱུར་ལྡོག་སྐོར་གྱི་ལོ་རྒྱུས་འཕེལ་རིམ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། འཁྲབ་ཚན་ནང་གི་མི་སྣ་གཙོ་བོ་ནི་མཐོ་རིམ་དཔོན་རིགས་དང་སྐུ་དྲག་དང་དེ་བཞིན་བླ་མ་ཡིན་པ་ལས་ཞིང་བྲན་མ་ཡིན། མི་སྣ་དེ་དག་གི་ཐོག་ནས་རྒྱལ་གཅེས་དང་། ཡར་ཐོན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བཅས་ཀྱི་བརྗོད་དོན་གཙོ་བོར་མངོན་པ་མ་ཟད། ད་དུང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་། གདུག་རྩུབ། རྗེས་ལུས་བཅས་ཀྱི་གདོང་རིས་ངོ་མ་དམར་རྗེན་དུ་བཏོན་ཡོད་ཅེས་བཤད།
           ཧོ་ཙུང་དབྱིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་གཅེས་རིང་ལུགས་དེ་རིག་རྩལ་གསར་རྩོམ་གྱི་བརྗོད་དོན་གཙོ་བོར་བརྩིས་ནས་མི་དམངས་ཚོར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་སྐྱོང་དང་མཐའ་འཁྱོངས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་གོ་བའི་ལ་རྒྱ་དང་རྟིང་ཤུགས་ཆེ་རུ་གཏོང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། 《བོད་ཀྱི་གསང་སྒྲུང》གིས་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བཅས་ཀྱི་བརྗོད་དོན་གཙོ་བོ་གང་ལེགས་མངོན་པ་དེ་ནི་བོད་གསར་རྙིང་བསྡུར་བ་བྱེད་པའི་གསོན་ཉམས་དོད་པའི་སློབ་གཞི་ཞིག་ཡིན་ལ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སློབ་གསོའི་གསོན་ཉམས་དོད་པའི་སློབ་གཞི་ཞིག་ཀྱང་ཡིན་པས་དེར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།