མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་སེ་ཨེ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་གིས་སེ་ཨེ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོས་ཟླ་12ཚེས་17ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེར་ཀེ་རེ་ཏེ་གྲོང་ཁྱེར་དུ་སེ་ཨེ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ་རེད།
       ལི་ཁེ་ཆང་གིས་ཀྲུང་སེ་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་མཐུན་ཆེ་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐོག་མཉམ་ལས་མཉམ་རྒྱལ། རིག་གནས་ཐོག་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བཅས་བྱེད་ཀྱི་ཡོད་སྟབས། མཛའ་མཐུན་དང་། ཕན་ཚུན་ཡིད་ཆེས། མཉམ་ལས་བཅས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བྱ་རྒྱུའི་ནང་དོན་གཙོ་བོར་གྱུར་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སེ་ཨེ་ཝེ་ཡ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སེ་ཨེ་ཝེ་ཡའི་ཕྱོགས་དང་མུ་མཐུད་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་བྱེད་རིགས་ལ་རྒྱབ་སྐྱོར་བློ་བརྟན་འགྱུར་མེད་བྱེད་པ་དང་། དངོས་དོན་གཉེར་བའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཞིང་། ཐུན་མོང་ཐོག་གོང་དུ་འཕེལ་བ་མངོན་འགྱུར་བྱས་ཏེ་ཀྲུང་སེ་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་གིས་སེ་ཨེ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ།