མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ལྷོ་ཁོ་རེ་ཡ་རྒྱལ་ཚོགས་ཀྱི་ཚོགས་གཙོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ལྷོ་ཁོ་རེ་ཡ་རྒྱལ་ཚོགས་ཀྱི་ཚོགས་གཙོར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལྷོ་ཁོ་རེ་ཡ་རྒྱལ་ཚོགས་ཀྱི་ཚོགས་གཙོ་ཀྲེང་དབྱི་ཧོ་ལ་མཇལ་འཕྲད་གནང་སྐབས། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ལྷོ་ཁོ་ར་ཡའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ལྷོ་ཁོ་རེ་ཡ་དེ་ཉིད་ཐོག་མཐའ་བར་གསུམ་དུ་མཐའ་བསྐོར་རྒྱལ་ཁབ་དང་འབྲེལ་བ་བྱེད་པའི་གལ་ཆེའི་གོ་གནས་སུ་བཞག་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་ཁྲིམས་འཛུགས་ལས་ཁུངས་བར་འབྲེལ་གཏུག་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་པའི་བར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་བར་མུ་མཐུད་ནས་འབྲེལ་བ་དམ་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཉམས་མྱོང་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་སྒོ་སྤེལ་ནས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་བར་གྱི་འབྲེལ་བ་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་གསུངས་པ་རེད།