༄༅།།ཨོ་སི་ཁྲུ་ལི་ཡའི་ཉེན་རྟོག་ཕྱོགས་ཀྱིས་མི་གཏའ་མྱུར་སྐྱོབ་བྱེད་པའི་ཁྲོད་མི་༣རྐྱེན་ལམ་དུ་ཤོར་བ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 12ཚེས་18ཉིན། 10:15】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
ཟླ་༡༢ཚེས་༡༦ཉིན་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཉེན་རྟོག་པ་ཞི་ཉི་གྲོང་ཁྱེར་མ་ཏིང་ཐང་ཆེན་གྱི་མི་གཏའ་བཙན་ཁྲིད་བྱས་པའི་ཁ་ཧྥེའི་ཇ་ཁང་དུ་མཆོང་སྐྱོད་བྱས་ཏེ་མི་གཏའ་བཙན་ཁྲིད་བྱེད་མཁན་དང་མེ་མདའ་རྒྱག་རེས་བྱས་སྟབས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་སྐྱོན་ཕོག་པ་རེད། དེ་རྗེས་ཉེན་རྟོག་ཕྱོགས་ཀྱིས་མི་གཏའ་མྱུར་སྐྱོབ་བྱ་སྤྱོད་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས་པས། དུས་ཡུན་ཆུ་ཚོད་༡༧འགོར་བའི་མི་གཏའ་བཙན་ཁྲིད་ཀྱི་དོན་རྐྱེན་འདི་མཇུག་འགྲིལ་བ་རེད།