འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་ཕྱོགས་མིའི་མི་དོན་ཡིག་ཚགས་དོ་དམ་ཞབས་ཞུའི་
    ལས་དོན་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་རྩ་འཛུཊ་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོཊ་འགན་སྲུང་པུའུ། འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། རྒྱལ་ཁབ་ཡིག་ཚགས་ཅུས་བཅས་སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་<<ཕྱོགས་མིའི་མི་དོན་ཡིག་ཚགས་དོ་དམ་ཞབས་ཞུའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་>>བཏང་སྟེ་ཕྱོགས་མིའི་མི་དོན་ཡིག་ཚགས་དོ་དམ་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པ་དང་། ཕྱོགས་མིའི་མི་དོན་ཡིག་ཚགས་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         <<བརྡ་ཐོའི་>>ནང་ཕྱོགས་མིའི་མི་དོན་ཡིག་ཚགས་དོ་དམ་ལས་དོན་སྤེལ་རིང“གཅིག་སྡུད་གཅིག་གྱུར་དང་། ཁོངས་གཏོགས་དོ་དམ”གྱི་དོ་དམ་སྒྲིག་སྲོལ་ལག་ལེན་བསྟར་ཏེ་རྫོང་རིམ་པ་ཡན་གྱི་(རྫོང་རིམ་པ་ཚུད་པ)སྤྱི་པའི་ལས་ཞུགས་སྒྲིག་གཞི་དང་ཤེས་ལྡན་པའི་ཞབས་ཞུའི་སྒྲིག་གཞི་དང་། དེ་བཞིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དབང་ཆ་སྤྲད་པའི་ལས་ཁུངས་ཀྱིས་དོ་དམ་བྱེད་དགོས་པ་ལས། ལས་ཁུངས་གཞན་དག་གིས་གང་བྱུང་ཕྱོགས་མིའི་མི་དོན་ཡིག་ཚགས་ལ་དོ་དམ་བྱེད་མི་ཆོག ས་ཁུལ་ཕྱིའི་ཕྱོགས་མིའི་མི་དོན་ཡིག་ཚགས་ལ་ཐེམ་ཐོ་གནས་ཡུལ་གྱི་ས་གནས་སམ་ཡང་ན་ལས་ཁུངས་གནས་ཡུལ་ས་གནས་ཀྱི་སྤྱི་ཚོགས་ལས་ཞུགས་སྒྲིག་གཞི་དང་ཤེས་ལྡན་པའི་ཞབས་ཞུའི་སྒྲིག་གཞིས་དོ་དམ་བྱེད་ཆོག་ཅེས་ནན་བཤད་བྱས་ཡོད་པ་རེད།
         <<བརྡ་ཐོའི་>>ནང་ཕྱོགས་མིའི་མི་དོན་ཡིག་ཚགས་དེ་དོན་དངོས་དང་། གནད་འཁེལ། ཆ་ཚང་པོ། ཚད་དང་མཐུན་པ་བཅས་དགོས་པ་དང་། ཡིག་ཚགས་སུ་ཉར་བའི་མི་སྣའི་སྐྱེས་ལོ་དང་། སློབ་གསོ་གསོ་སྦྱོང་། ལས་ཀའི་ལོ་རྒྱུས། གོ་གནས་བསྐོ་འཐེན། ལས་ཀའི་གོ་མིང་དཔྱད་ཞིབ། བྱ་དགའ་ཆད་གཅོད། ཆབ་སྲིད་རྣམ་པ་སོགས་རྩ་བའི་གནས་ཚུལ་ཇི་མ་ཇི་བཞིན་དུ་མཚོན་དགོས། ཡིག་ཚགས་སུ་ཉར་རིང་ཡིག་ཚགས་གླ་ཕོགས་ལེགས་སྒྲིག་མི་བྱ་རྒྱུ་དང་ཡིག་ཚགས་སྲིད་འཛིན་(གླ་ཕོགས)ངོ་སྤྲོད་ཡི་གེ་དང་། དངོས་སྒྱུར་རིམ་འཁེལ་རེའུ་མིག ལེགས་སྒྲིག་གཞན་སྒྱུར་འགྲོ་ལུགས་སོགས་དཔྱད་གཞིའི་ཡིག་རིགས་དག་དགོས་ངེས་ཀྱི་དཔྱད་གཞིའི་ཡིག་རིགས་ཁོངས་སུ་མི་བརྩི་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།