འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཁུལ་གྱི་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་ཚོགས་པས་ལོ་གཉིས་རིང་མི་༧༠༠༠
    ལྷག་ལ་རོགས་སྐྱོབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་དཀར་མཛེས་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་༢༠༡༢ལོར་བཙུགས་པའི་གཅེས་སེམས་དགེ་སྒྲུབ་ཐེབས་རྩར་མ་དངུལ་སྒོར་དུང་ཕྱུར་ལས་བརྒལ་ནས་སྒོར་དུང་ཕྱུར་༡.༢༦ཟིན་ཏེ་ལོ་གཉིས་ནང་ཁྱོན་མི་༧༠༠༠ལྷག་ཙམ་ལ་རོགས་སྐྱོབ་བྱས་ཡོད་པ་རེད།
         ༢༠༡༢ལོར་དཀར་མཛེས་ཁུལ་ཨུད་ཀྱིས“དཀར་མཛེས་ཀྱིས་གཅེས་སེམས་བཅངས་ནས་དགེ་སྒྲུབ་ལས་ལ་གཞོལ”ཞེས་པའི་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་བཙུགས་ནས་ལོ་དེ་རང་དུ་མ་དངུལ་སྒོར་ཁྲི་༧༧༨.༥གྲབས་གསོག་བྱས་པ་དང་ལོ་ལྟར་གྱི་ཟླ་༡༡ཚེས་༡༩ཉིན་ནི་དཀར་མཛེས་ཁུལ་གྱི་གཅེས་སེམས་དགེ་སྒྲུབ་ཉིན་མོར་གཏན་འཁེལ་བྱས་ནས་དཀར་མཛེས་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་ཐོག་མ་དེ་སྐྲུན་པ་མ་ཟད། ད་དུང་སློབ་གསོའི་ཐོན་ཁུངས་རིགས་དང་། སྨན་བཅོས་རོགས་སྐྱོབ་རིགས། སྤྱི་ཚོགས་རོགས་སྐྱོབ་རིགས་བཅས་ཀྱི་དགེ་སྒྲུབ་སྤྱི་ཕན་རྣམ་གྲངས་ཁྱབ་གདལ་བཏང་ཐོག་རྣམ་གྲངས་སྐྲུན་པ་དེས་དགེ་སྒྲུབ་བྱ་གཞག་ལ་སྐུལ་མ་ཐེབས་ཐུབ་པ་བྱུང་ཡོད་པ་རེད།
         མིག་སྔར་དཀར་མཛེས་གཅེས་སེམས་དགེ་སྒྲུབ་ཐེབས་རྩས་ཁྱོན་མ་དངུལ་སྒོར་ཁྲི་༢༩༩༨.༩༠སྤྱད་ཡོད་པ་དང་། གནས་གཏན་འཁེལ་མ་ཡིན་པའི་མ་དངུལ་སྒོར་ཁྲི་༡༢༤༥.༢༠སྤྱད་དེ་ཁུལ་དེ་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་༧༡༡༦ལ་རོགས་སྐྱོབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།