མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཧ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་གིས་ཧ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

ཟླ་12ཚེས་ཚེས་14ཉིན། ཧ་སག་སི་ཐན་གྱི་ཙུང་ལི་མ་ཞི་མའོ་ཧྥུའུ་ཡིས་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་སྤྱོད་གནམ་གྲུར་བཞུགས་ནས་ཨ་སི་ཐ་ན་གནམ་གྲུ་ཐང་དུ་འབྱོར་ཏེ་ཧ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད། ཧ་སག་སི་ཐན་དུ་ལི་ཁེ་ཆང་ཀྲུང་ཧ་ཙུང་ལིའི་དུས་གཏན་གྲོས་མོལ་ཐེངས་གཉིས་པར་ཞུགས་རྒྱུ་ཡིན་པ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབུ་གཙོའི་ལས་འཛིན་ལྷན་ཚོགས་ཐེངས་བཅུ་གསུམ་པར་ཡང་ཞུགས་རྒྱུ་རེད། གོང་གིས་པར་རིས་འདི་ནི་ཧ་སག་སི་ཐན་གྱི་ཙུང་ལི་མ་ཞི་མའོ་ཧྥུའུ་གནམ་གྲུ་ཐང་དུ་ཕེབས་ཏེ་ལི་ཁེ་ཆང་ལ་བསུ་བ་ཞུ་བཞིན་པའི་གནས་ཚུལ་ཡིན།

༄༅།།ལི་ཁེ་ཆང་གིས་ཧ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།