འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་པ་༼གཡང་མདའ་༽ཀྲུང་དབྱང་མི་
    རིགས་སློབ་ཆེན་དུ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་པ་༼གཡང་མདའ་༽ཀྲུང་དབྱང་མི་
རིགས་སློབ་ཆེན་དུ་བསྟན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༨ཉིན་གྱི་དགོང་མོར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་བརྩམས་ཆོས་གསར་པ་༼གཡང་མདའ་༽ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྟན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་མང་ཆེ་ཤོས་དང་། པེ་ཅིང་གི་སློབ་ཆེན་གཞན་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་༣༠༠ལྷག་གིས་གློག་བརྙན་དེར་བལྟས་པ་རེད། གློག་བརྙན་བསྟན་ཚར་རྗེས། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་དེར་འཛོམས་པའི་བོད་རིགས་སློབ་མ་ཚོ་གློག་བརྙན་ཕབ་སྐྲུན་ཁྲོད་ཀྱི་གནད་དོན་དང་། བོད་ཀྱི་རིག་གནས་རྒྱུན་འཛིན། དེ་བཞིན་ཁོང་གིས་སྔ་གཞུག་ཏུ་ཕབ་སྐྲུན་བྱས་པའི་གློག་བརྙན་སོ་སོའི་བར་གྱི་འགྱུར་བ་སོགས་ཀྱི་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
    ༄༅།།པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་པ་༼གཡང་མདའ་༽ཀྲུང་དབྱང་མི་
རིགས་སློབ་ཆེན་དུ་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།