འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡ་དང་ཨ་རིའི་ཕྱོགས་དྲུག་གྲོས་མོལ་གྱི་ཚོགས་གཙོའི་མཇལ་མོལ་གྱིས་བྱང་ཁོ་རེ་
    ཡའི་རྡུལ་ཉིང་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་ལྔ་ཉིན་ཕྱོགས་དྲུག་གྲོས་མོལ་གྱི་ལྷོ་ཁོ་རེ་ཡའི་ཕྱོགས་ཀྱི་ཚོགས་གཙོ། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའི་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བའི་འབྲེལ་གཏུག་པུའུ་ཀྲང་ཧོང་ཅུན་ཅུའུ་ཡིས་འཚམས་འདྲིར་ཕེབས་པའི་ཕྱོགས་དྲུག་གྲོས་མོལ་གྱི་ཨ་རིའི་ཕྱོགས་ཀྱི་ཚོགས་གཙོ། ཨ་རིའི་རྒྱལ་དོན་ཁང་གི་ཨེ་ཤི་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་བྱ་དོན་གྱི་པུའུ་ཀྲང་གཞོན་པ་དང་བྱང་ཁོ་རེ་ཡ་དང་འབྲེལ་བའི་སྲིད་ཇུས་ཀྱི་དམིགས་བསལ་སྐུ་ཚབ་གཅིག་ལྕོགས་ཅིན་གྲེན་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་བྱང་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་རྡུལ་ཉིང་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད། ཅིན་ཁྲེང་གིས་མཇལ་མོལ་གནང་མཇུག་སྒྲིལ་རྗེས་གསར་འགྱུར་ཚན་པར། བྱང་ཁོ་རེ་ཡས་ལྷག་བསམ་ཡོད་པའི་བྱ་ཐབས་ཐོག་ནས་རྡུལ་ཉིང་མེད་པ་མངོན་འགྱུར་མ་ཐུབ་གོང་། ཚབ་འཚུབ་ངང་བྱང་ཁོ་རེ་ཡའི་རྡུལ་ཉིང་གནད་དོན་གྱི་སྐད་ཆ་ཤོད་རེས་སླར་གསོ་བྱས་པ་ནི་ཐབས་ལ་མཁས་པ་ཞིག་མིན་ཞེས་དང་། ཁོང་གིས་བྱང་ཁོ་རེ་ཡས་རང་ཉིད་ཀྱིས་རྡུལ་ཉིང་མེད་པ་ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་རྒྱུའི་སྙིང་སྟོབས་ར་སྤྲོད་བྱེད་དགོས་ངེས་རེད་ཅེས་ནན་སྟོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།