འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎མཚོ་སྔོན་གྱི་གློག་མེད་པའི་ས་ཁུལ་གྱི་འབྲོག་པའི་ཐེམ་དུད་ཉིས་ཁྲི་ལྷག་ཙམ་ལ་གློག་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        གསར་འགོད་པས་མཚོ་སྔོན་ཞིང་ཆེན་དུ་འཚོགས་པའི་གློག་གི་དྲ་བ་གློག་མེད་པའི་ས་ཁུལ་བར་སྣུར་བསྲིངས་བྱེད་པའི་གློག་ཤུགས་འཛུགས་སྐྲུན་ལས་གཞི་མཇུག་སྒྲིལ་བའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་གློག་གི་དྲ་བས་མཚོ་སྔོན་གྱི་གློག་ཤུགས་ཐད་མ་དངུལ་སྒོར་དུང་ཕྱུར་བཅུ་གཉིས་དང་བྱེ་བ་ལྔ་དང་ས་ཡ་ལྔ་བཏང་བ་དང་། གློག་གི་དྲ་བ་སྣུར་བསྲིངས་ཀྱི་རྣམ་པ་བརྒྱུད་ཞིང་ཆེན་དེ་ཡོངས་ཀྱི་རྫོང་༡༩དང་། ཤང་དང་གྲོང་རྡལ་༧༥ གྲོང་ཚོ་དང་སྡེ་ཁུལ་༢༨༢བཅས་ཀྱི་ཐེམ་དུད་ཉིས་ཁྲི་ཉིས་སྟོང་བདུན་བརྒྱ་དང་། གློག་མེད་པའི་མི་གྲངས་བརྒྱད་ཁྲི་སུམ་སྟོང་བཞི་བརྒྱར་གློག་ཤར་གཏོང་བྱས་པ་རེད།
          མཚོ་སྔོན་ཞིང་ཆེན་གྱི་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལས་གཞི་ནི་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ནུས་པའི་འབྱུང་ཁུངས་གོང་འཕེལ་འཆར་འགོད་ཀྱིརྩ་གནད་དོན་འཁྱོལ་བྱེད་པའི་བྱ་ཐབས་ཤིག་ཡིན་པ་དང་། འཆར་གཞི་བྱས་ན་སྤྱི་ལོ་༢༠༡༣ལོ་ནས་༢༠༡༥ལོ་བར་ཕྱོགས་བསྡུས་ཐོག་གློག་གི་དྲ་བ་སྣུར་བསྲིངས་དང་། འོད་ཧྥུའི་གློག་འདོན་ས་ཚིགས་ཆུང་གྲས། ཁྱིམ་ཚང་གི་འོད་ཧྥུའི་གློག་སོགས་ཀྱི་བྱ་ཐབས་བཟུང་ནས། ཞིང་ཆེན་དེ་ཡོངས་ཀྱི་གློག་མེད་པའི་ས་ཁུལ་ལ་གློག་གཏོང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། སྤྱི་ལོ་༢༠༡༣ལོའི་ཟླ་བ་དྲུག་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་གློག་གི་དྲ་བའི་ཀུང་སི་དང་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལས་གཞིའི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད། ལས་གཞི་འཛུགས་སྐྲུན་བྱེད་རིང་མཚོ་སྔོན་གློག་གི་དྲ་བའི་འཛུགས་སྐྲུན་མི་སྣས་ས་མཐོའི་གྲང་ངར་དང་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་པས། ལོ་གཅིག་གིས་སྔ་སྣུར་དུ་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་ཐུབ་པ་དང་། གློག་གི་དྲ་བ་གློག་བེད་སྤྱོད་བྱ་རྒྱུ་མེད་པའི་ས་ཁུལ་ཚང་མར་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།