འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་པོ་ལའི་ནད་ཡམས་ཁུལ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་
    ཚོགས་བསྐྱར་འཛུགས་ཐད་དོ་སྣང་བྱེད་དགོས་པའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་སྐབས་69པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁུའུ་ཐའེ་སས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་པོ་ལའི་ནད་ཡམས་ལ་འགོག་རྒོལ་བྱེད་པ་དང་དུས་མཚུངས། ཤུགས་རྐྱེན་ཐེབས་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་དཔལ་འབྱོར་སླར་གསོ་བསྐྱར་འཛུགས་ཐད་དོ་ཁུར་དང་ཆབས་ཅིག་རྒྱབ་སྐྱོར་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་གར་ཨེ་པོ་ལའི་ནད་ཡམས་ཀྱིས་རྒྱུན་མཐུད་གོང་འཕེལ་ལ་ཉེན་ཁ་བཟོས་པ་ཞེས་པའི་བརྗོད་དོན་གཙོ་བོའི་གྲོས་ཚོགས་སྐོང་འཚོགས་བྱས་ཡོད། ཕན་ཅི་ཝུན་གྱིས་གྲོས་ཚོགས་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནད་ཡམས་མཇུག་སྒྲིལ་རྒྱུར་གཞོགས་འདེགས་བྱེད་པ་དང་དུས་མཚུངས། ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་མགྱོགས་མྱུར་སླར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། འབྲེལ་ཡོད་བྱ་སྤྱོད་ཀྱི་གཞི་ཁྱོན་དང་ཤུགས་ཚད་དེ་ནད་ཡམས་མཇུག་སྒྲིལ་ཆེད་སྐུལ་སློང་བྱས་པའི་འཛམ་གླིང་གི་ལན་ཆའི་བྱ་སྤྱོད་དང་གཅིག་མཚུངས་ཡོང་བ་བྱེད་དགོས་ཞེས་རེ་འབོད་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།