འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་དང་ཐུར་ཁེས་བྱ་ཐབས་བཟུང་ནས་ཕྱི་རྒྱལ་བ་དབྱི་སི་ལན་རྒྱལ་ཁབ་
    ཟེར་བའི་སྒྲིག་འཛུགས་ནང་ཞུགས་རྒྱུ་བཀག་འགོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་མནའ་འབྲེལ་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་སྐུ་ཚབ་མོ་ཀེ་ལི་ཉིས་སྤྱི་ཚེས་༨ཉིན་ཐུར་ཁེའི་རྒྱལ་ས་ཨན་ག་ལར། ཡོ་རོབ་མནའ་འབྲེལ་གྱིས་ཐུར་ཁེ་ཚུད་པའི་རྒྱལ་སྤྱིའི་རོགས་པ་དང་མཉམ་ལས་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་འཛུགས་ཀྱིས་ཕྱི་རྒྱལ་བ་སྐོང་བསྡུ་བྱེད་རྒྱུ་བཀག་འགོག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
           མོ་ཀེ་ལི་ཉིས་ཉིན་དེ་གར་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཆ་འུ་ཧྲེ་ཨོ་ལུ་དང་། ཡོ་རོབ་མནའ་འབྲེལ་གྱི་བྱ་དོན་པུའུ་ཀྲང་ཨོར་ཁེ་པོ་ཚེ་ཁེ་ཨར་དང་གྲོས་མོལ་བྱས་པ་དང་། མོ་ཀེ་ལི་ཉིས། ཡོ་རོབ་མནའ་འབྲེལ་དང་ཐུར་ཁེ་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་གང་འདྲ་རྒྱག་དགོས་མིན་དང་། ཕྱི་རྒྱལ་བ་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་དྲག་ཆས་ནང་ཞུགས་ནས་འཇིགས་སྐུལ་བྱེད་སྒོ་བྱེད་སྒོ་སྤེལ་རྒྱུར་བཀག་འགོག་བྱེད་དགོས་པ་བཅས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱས་ཡོད་ཅེས་དང་། ཁོང་གིས་ད་དུང་། ཡོ་རོབ་མནའ་འབྲེལ་དང་ཐུར་ཁེས་གསང་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་བྱེད་རྒྱུའི་ཐད་འཕེལ་རིམ་ཆེན་པོ་ཐོན་ཡོད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།