འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་གཟའ་འཁོར་འདིའི་ནང་ཨུ་ཁེ་ལན་གནད་དོན་འབྲེལ་གཏུགས་ཚོགས་ཆུང་གི་
    གྲོས་ཚོགས་སྐོང་ཚོགས་བྱ་རྒྱུའི་རེ་བ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམ་ངས་དྲ་བའི་འཕྲིན། ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཨུ་ཧྲ་ཁེ་ཧྥུས་སྤྱི་ཚེས་༨ཉིན། ཨུ་རུ་སུའི་ཕྱོགས་ནས་གཟའ་འཁོར་འདིའི་ནང་པེ་ཨུ་རུ་སུའི་རྒྱལ་ས་མིང་སེ་ཁེར་ཨུ་ཁེ་ལན་གནད་དོན་འབྲེལ་གཏུགས་ཚོགས་ཆུང་གི་གྲོས་ཚོགས་སྐོང་ཚོགས་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་དང་། ཨུ་ཧྲ་ཁེ་ཧྥུས། ངའི་བསམ་པར་དམིགས་འབེན་དེ་གྲུབ་ཐུབ་ངེས་རེད་ཅེས་གསུངས་པ་མ་ཟད། ཁོང་གིས་ད་དུང་། ཨུ་ཁེ་ལན་དུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཙུའུ་ལྷ་ཧྥུས་ཨུ་རུ་སུའི་ཚབ་ཞུས་ཏེ་འབྲེལ་གཏུགས་ཚོགས་ཆུང་གི་གྲོས་ཚོགས་ལ་ཞུགས་རྒྱུ་རེད་ཅེས་བསྟན་ཡོད།
          ཨུ་ཁེ་ལན་གྱི་ཙུང་ཐུང་པོ་ལོ་ཧྲེན་ཁེས་སྤྱི་ཚེས་༦ཉིན། ཐོག་མའི་དུས་མཚམས་སུ་གྲོས་འཆམ་བྱུང་བའི་གྲོས་ཆོད་ལ་གཞིགས་ན། ཨུ་ཁེ་ལན་གནད་དོན་གྱི་དབྱེ་འབྱེད་གྲོས་མོལ་ཕྱོགས་ཁག་གིས་སྤྱི་ཚེས་༩ཉིན་སླར་ཡང་མིང་སེ་ཁེར་འཛོམས་རྒྱུ་ཡིན་པས། ཁོང་གིས་ཐེངས་འདིའི་དབྱེ་འབྱེད་གྲོས་མོལ་གྱིས་དེའི་གོང་གྲོས་མཐུན་བྱུང་བའི་ཞིབ་ཕྲའི་འཆར་གཞི་ལག་བསྟར་བྱེད་རྒྱུར་མོས་མཐུན་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་བསྟན་འདུག
      

    ཕྱོགས་བསྡུས་གསར་འགྱུར།