༄༅།།རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་<<ནན་ཅིང་དམར་གསོད་ཆེན་པོའི་ཡིག་ཚགས་ལེགས་
འདེམས་>>འདོན་སྤེལ་བྱས་པ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 12ཚེས་09ཉིན། 09:26】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༧ཉིན་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་དེའི་གཞུང་ཕྱོགས་དྲ་ཚིགས་ཐོག་ལེའུ་བདུན་ཡོད་པའི་དྲ་རྒྱའི་བརྙན་འཕྲིན་<<ནན་ཅིང་དམར་གསོད་ཆེན་པོའི་ཡིག་ཚགས་ལེགས་འདེམས་>>ཀྱི་ལེའུ་དང་པོ་<<ཚད་ལྡན་ཡིག་ཆའི་བརྙན་འཕྲིན་པར་གཞི<ནན་ཅིང་དམར་གསོད་ཆེན་པོའི་ཡིག་ཚགས་>>>འདོན་སྤེལ་བྱས་པ་རེད།
<<ཚད་ལྡན་ཡིག་ཆའི་བརྙན་འཕྲིན་པར་གཞི་<ནན་ཅིང་དམར་གསོད་ཆེན་པོའི་ཡིག་ཚགས་>>>ཀྱིས་ནན་ཅིང་དམར་གསོད་ཆེན་པོའི་རྩ་ཆེའི་ལོ་རྒྱུས་མཚོན་པའི་ཡིག་ཚགས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་དཀྲོལ་བྱས་པའི་ནང་སྐབས་དེ་དུས་ནན་ཅིང་གྲོང་མིས་ཟིན་ཐོ་བཀོད་པའི་རི་པིན་དམག་གི་གཏུམ་སྤྱོད་དང་། གནོད་འཚེ་གཏོང་མཁན་རི་པིན་དམག་རང་ཉིད་ཀྱིས་བླངས་པའི་པར་དང་། རང་ཉེས་ངོས་ལེན། ཕྱིར་དྲན། ཕྱི་རྒྱལ་མི་སྣས་ཟིན་ཐོ་བཀོད་པའི་རི་པིན་གྱི་ནག་ཉེས། དམག་འཁྲུག་མཇུག་འགྲིལ་རྗེས་ཀྲུང་གོ་སྲིད་གཞུང་གིས་ནན་ཅིང་དམར་གསོད་ཆེན་པོའི་གཏུམ་སྤྱོད་ལ་བརྟག་ཞིབ་བྱས་པ་དང་ཐོ་ཁེའོ་རྒྱང་ཤར་རྒྱལ་སྤྱིའི་དམག་དོན་ཁྲིམས་ཁང་དང་ཀྲུང་གོ་ནན་ཅིང་དམག་དོན་ཁྲིམས་ཁང་གི་འདྲི་གཅོད་ཐོ་འགོད་སོགས་ཚུད་ཡོད། ད་ཆ་ཡིག་ཚགས་དེ་དག་ཀྲུང་གོའི་ཀྲུང་དབྱང་ཡིག་ཚགས་ཁང་དང་། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པ། ལེའོ་ཉིང་ཞིང་ཆེན་ཡིག་ཚགས་ཁང་། ཅི་ལིན་ཞིང་ཆེན་ཡིག་ཚགས་ཁང་། ཧྲང་ཧའེ་གྲོང་ཁྱེར་ཡིག་ཚགས་ཁང་། ནན་ཅིང་གྲོང་ཁྱེར་ཡིག་ཚགས་ཁང་། ཀྲུང་གོར་བཙན་འཛུལ་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་བཅས་སུ་གཅིག་སྡུད་ཐོག་ཉར་ཚགས་བྱས་ཡོད་པ་རེད།
