འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་
    འཕེན་གཏོང་ཐེངས་༢༠༠པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༧ཉིན་གྱི་ཆུ་ཚོད་༡༡དང་སྐར་མ་༢༦གི་ཐོག་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རང་རྒྱལ་གྱིས་སོ་སོས་ཞིབ་བཟོ་བྱས་པའི་རྒྱང་སྐྱོད་བཞི་པ་ཁ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཀྲུང་པར་ས་གོ་ལའི་ཐོན་ཁུངས་སྲུང་སྐར་༠༤དེ་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་འཕེན་གཏོང་བྱས་ཤིང་། དེ་ནི་རང་རྒྱལ་གྱི་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཐེངས་༢༠༠པ་ཡིན་པ་རེད།
         ༡༩༧༠ལོར་ཤར་ཕྱོགས་དམར་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་ནས་བཟུང་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་མི་ཞུགས་འཕུར་གྲུ་དང་། ཟླ་བའི་གོ་ལའི་བརྟག་ཞིབ་ཡོ་བྱད། བྱང་སྐར་སྤུན་བདུན་སྲུང་སྐར་སོགས་རྒྱལ་ཁབ་ཕྱི་ནང་གི་མཁའ་སྐྱོད་ཡོ་བྱད་༢༥༠ལྷག་ཙམ་སྔ་རྗེས་སུ་བར་སྣང་ལ་འཕེན་གཏོང་བྱས་པ་དང་དུས་མཚུངས་རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་ཀྱང་རང་བཙན་རང་བདག་དང་གསར་གཏོད་ཚད་བརྒལ་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་བློས་འཁེལ་རང་བཞིན་དང་། བདེ་འཇགས་རང་བཞིན། འཕེན་གཏོང་ཚད་ལེན་ཚོད་འཛིན་ནུས་པ་བཅས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན།རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིས་ཞིབ་བཟོ་བྱས་པ་དང་འཕེན་གཏོང་ཐེངས་བརྒྱ་དང་པོ་བྱེད་པར་༡༩༧༠ལོ་ནས་༢༠༠༧ལོའི་བར་ལོ་༣༧འགོར་བ་དང་འཕེན་གཏོང་བརྒྱ་ཐེངས་གཉིས་པ་བྱེད་པར་དུས་ཚོད་ལོ་༧ལས་འགོར་མེད་པ་རེད།
         ལོ་༤༠ལྷག་ཙམ་རིང་རང་རྒྱལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་མེད་པ་ནས་ཡོད་པའི་བར་དང་། ཕྲེང་སྦྲེལ་ནས་བསྡམ་བཀྱིག་བར། འཕུར་མདའ་གཅིག་ལ་སྲུང་སྐར་གཅིག་ནས་འཕུར་མདའ་གཅིག་ལ་སྲུང་སྐར་མང་པོའི་བར། སྲུང་སྐར་འཕེན་གཏོང་བྱས་པ་ནས་མི་བཞུགས་འཕུར་གྲུ་དང་ཟླ་བའི་གོ་ལའི་བརྟག་ཞིབ་ཡོ་བྱད་འཕེན་གཏོང་བྱས་པ་བཅས་བར་ཚད་བརྒལ་ཆེན་པོ་བྱུང་བ་མ་ཟད། རྒྱང་སྐྱོད་ཨང་དང་པོ་དང་། རྒྱང་སྐྱོད་ཨང་གཉིས་པ། རྒྱང་སྐྱོད་ཨང་གསུམ་པ། རྒྱང་སྐྱོད་ཨང་བཞི་པ་བཅས་མུ་འབྲེལ་བཞིའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྣ་ཁ་༡༣ཞིབ་བཟོ་ཡང་བྱས་པས་རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ཡོད་ལ་རྒྱལ་སྤྱིའི་ཐོག་འགྲན་ནུས་ཆེ་ཙམ་ལྡན་པའི་ཚན་རྩལ་མཐོ་བའི་ཐོན་རྫས་ཤིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།