འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ཆ་ཚང་སློབ་ཆུང་དུ“གློག་འགྱུར་སློབ་ཁྲིད་ཁང”བཙུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ཆ་ཚང་སློབ་ཆུང་དུ“གློག་འགྱུར་སློབ་ཁྲིད་ཁང”བཙུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༥ཉིན་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་སྟེ་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ཆ་ཚང་སློབ་ཆུང་དུ་གློག་འགྱུར་སློབ་ཁྲིད་ཁང་གསར་དུ་བསྐྲུན་ཏེ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། སློབ་ཆུང་འདི་ཡི་སློབ་མ་༡༠༨ཀྱིས་དེང་རབས་ཅན་གྱི་རྣམ་པ་ལྡན་པའི་་་གློག་འགྱུར་སློབ་ཁྲིད་་་དངོས་སུ་དང་ལེན་བྱེད་འགོ་བརྩམས་པ་རེད།
         འདི་ལོའི་ཟླ་༩པར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྤྱི་བདེ་མཐའ་སྲུང་ཡན་ལག་རུ་ཁག་གིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་༡༠བཏང་ནས་སློབ་གྲྭ་འདིར་གློག་ཀླད་ཉོས་པ་མ་ཟད། ཁོངས་ཆུང་དྲ་རྒྱ་ཡང་གསར་འཛུགས་བྱས་ཏེ“དམངས་ལ་གཅེས་ཤིང་མཐའ་མཚམས་བརྟན་སྲུང”གི་གློག་འགྱུར་སློབ་ཁྲིད་ཁང་ལེགས་འགྲུབ་ངང་བསྐྲུན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།