འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་གེགས་སེལ་གྱི་འཕྲལ་སྡོམ་རིམ་པ་བཞི་པ་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༦ཉིན་གྱི་སྔ་དྲོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡུན་ནན་ཅིང་ཀུའུ་ས་ཡོམ་རྒྱག་ཡུལ་ཡུང་ཕིང་གྲོང་རྡལ་ཆན་ནུའོ་གྲོང་ཚོ་ནས་གྲོང་མིའི་སྡོད་ཁང་མང་པོ་བརྡིབས་པ་དང་གཏོར་སྐྱོན་ཕོག་པ་མཐོང་། གྲོང་ཚོའི་ལས་བྱེད་པ་ཞིག་གིས་གྲོང་ཚོ་དེ་ཡོངས་སུ་དུད་ཁྱིམ་༡༥བརྡིབས་པ་དང་དུད་ཁྱིམ་༤༠༠གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་ཅེས་བཤད། ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་བཏང་ནས་ལས་དོན་སྤེལ་བ་དང་ཡུན་ནན་ཞིང་ཆེན་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་ཐིང་གིས་གེགས་སེལ་གྱི་འཕྲལ་སྡོམ་རིམ་པ་བཞི་པ་ལག་བསྟར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།