འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོར་ལོ་༡༦ལ་སླེབས་པའི་ཅིང་མན་གྱི་གྲིབ་སྐྱོན་ཕོག་པའི་
    གཞོན་ནུ་མ་ཞིག་གིས་ཡིག་རིས་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོར་ལོ་༡༦ལ་སླེབས་པའི་ཅིང་མན་གྱི་གྲིབ་སྐྱོན་ཕོག་པའི་
གཞོན་ནུ་མ་ཞིག་གིས་ཡིག་རིས་འགྲེམས་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༣ཉིན་ནི“རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཉིན་མོ”ཡིན་ཞིང་། དེ་ཉིན་ཅིང་མན་གྲོང་ཁྱེར་ཏུང་པའོ་ཆུས་ཧྲེ་ཆའོ་དབྱི་གྲོང་རྡལ་གྱི་ལོ་༡༦ལ་སླེབས་པའི་གྲིབ་སྐྱོན་ཕོག་པའི་གཞོན་ནུ་མ་ཝུའུ་ཅིན་ཅེའི་རང་གི་ཕུགས་འདུན་གྲུབ་ཡོད་པ་སྟེ། ཞིང་པའི་བུ་མོ་དེའི་ཡིག་རིས་འགྲེམས་སྟོན་ཅིང་མན་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་བ་རེད།
         ཡིག་རིས་འགྲེམས་སྟོན་ནང་ཝུའུ་ཅིན་ཅེའི་ཡིག་རིས་བརྩམས་ཆོས་ཁག་༡༦༨འགྲེམས་སྟོན་བྱས་པ་དང་དེའི་ནང་སྨི་༣༠ཟིན་པའི་རི་ཆུའི་རི་མོ་རིང་གྲས་ཡོད་ལ་ནང་དོན་གསལ་ཞིང་བཟོ་ལྟ་ལེགས་པའི་ཡིག་གཟུགས་བརྩམས་ཆོས་ཀྱང་ཡོད། དེ་ཉིན་ཅིང་མན་གྲོང་ཁྱེར་གྱི་གྲོང་མི་༣༠༠ལྷག་ཙམ་གྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།