འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཡོངས་རྩ་ཁྲིམས་ཉིན་མོ་ཨང་དང་པོའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་12ཚེས་4ཉིན་ནི་རང་རྒྱལ་གྱི་རྩ་ཁྲིམས་ཉིན་མོ་ཨང་དང་པོ་དང་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་ཡིན་ཞིང་། བོད་ཀྱིས་ཟླ་བཅུ་གཅིག་པའི་ཟླ་སྨད་ནས་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་བར་ལྗོངས་ཡོངས་སུ་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྤྱི་ཚོགས་ཡོངས་སུ་ཁྲིམས་སློབ་སྦྱོང་དང་། ཁྲིམས་ལ་བརྩི་བཀུར། ཁྲིམས་སྲུང་བ། ཁྲིམས་བེད་སྤྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།
    བོད་ལྗོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་འཕྲིན་ལས་ནོར་བུས“ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཡག་པོ་སྤེལ་ཆེད། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་ཁྲིམས་འཛིན་ཐིང་། བོད་ལྗོངས་ཁྲིམས་ལུགས་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་《བརྡ་ཐོ་》བཀྲམས་ནས་བོད་ཀྱི་ས་ཁུལ(གྲོང་ཁྱེར)དང་རྫོང་ཁག་དང་འབྲེལ་ཡོད་ཚན་པ་ཁག་ལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་གཞི་རིམ་ལ་ཕྱོགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ།‘བཅའ་ཁྲིམས་གནས་བདུན་ལ་སྤེལ་བ’བཅས་ཀྱི་བྱེད་སྒོར་དམ་པོར་དམིགས་པ། མི་རིགས་ཁག་གི་སྤྱི་དམངས་ཀྱི་ཁྱད་ཆོས་དང་དགོས་མཁོ་དང་ཟུང་འབྲེལ་བཅས་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས་པ་དང་། སྡེ་ཁུལ་དང་། གྲོང་གསེབ། ཚན་པ་བཅས་སུ་སྐྱོད་ནས་བཅའ་ཁྲིམས་སྐོར་བློ་འདྲི་དང་། ཁྲིམས་ལུགས་འཆད་ཁྲིད། གྱོད་དོན་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ། དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱས་ཐོག་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་ཕྱོགས་བསྡུས་བེད་སྤྱད་ནས་སྤྱི་དམངས་མཉམ་འགུལ་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་འགུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད”ཅེས་གསུངས་པ་རེད།
    ཟླ་12ཚེས་4ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་ཁྲིམས་འཛིན་ཐིང་། བོད་ལྗོངས་ཁྲིམས་ལུགས་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་ཀྱིས་ལྗོངས་(ཀྲུང་དབྱང)ཐད་གཏོགས་དང་ལྷ་ས་གྲོང་ཁྱེར་གྱི་ཚན་པ་100ལྷག་ཙམ་་་
    སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་ཁྲིམས་ལུགས་དྲིལ་་
    བསྒྲགས་ཁྲོམ་གཞུང་གི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་་
    ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཞིང་ཆེན(དམག་དཔུང)རིམ་པའི་འབྲེལ་ཡོད་འགོ་ཁྲིད་དེ་ཉིན་གྱི་སྐོར་གཟིགས་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད། ས་ཁུལ(གྲོང་ཁྱེར)ཁག་གིས་ས་ཁུལ(གྲོང་ཁྱེར)གྱི་ཏང་སྲིད་ལས་ཁུངས་གནས་ཡུལ་དང་། རྫོང་ཁག་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་གནས་ཡུལ་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།