འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཁབ་རྩ་ཁྲིམས་
    ཉིན་མོ་དང་པོར་མི་རིགས་ས་ཁུལ་ལ་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་
    ཞལ་འདེབས་རྒྱག་པའི་མཛད་སྒོ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 08:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཁབ་རྩ་ཁྲིམས་
ཉིན་མོ་དང་པོར་མི་རིགས་ས་ཁུལ་ལ་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་
ཞལ་འདེབས་རྒྱག་པའི་མཛད་སྒོ།
          རེབ་འདིའི་དཔེ་ཆ་ཞལ་འདེབས་ཀྱི་མཛད་སྒོ་གཉེར་མཁན་ཡིན་པའི་ངོས་ནས་མི་རིགས་དཔེ་སྐྲུན་ཁང་དང་བཅའ་ཁྲིམས་དཔེ་སྐྲུན་ཁང་གཉིས་ཀྱིས་རང་སོའི་དགེ་མཚན་རྩད་ནས་བཏོན་ཏེ་དཔུང་པ་མཉམ་གཤིབས་ཀྱིས་མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ལས་ཀ་ལ་ལེགས་སྐྱེས་བཟང་པོ་ཕུལ་ཡོད་པས།མི་རིགས་ས་ཁུལ་གྱི་ཀློག་པ་པོ་རྣམས་ཀྱིས་རྗེས་སུ་ཡི་རང་བྱས་ཡོད།
         རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་པུའུ་གཉིས་ཀྱིས་ཐོག་མ་ཉིད་ནས་མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ལས་ཀ་ལ་མཐོང་ཆེན་བྱས་ཏེ།མི་རིགས་ས་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྱེད་བྱེད་རྒྱུ་དང་།མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་ཡོང་རྒྱུ་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུའི་ཆེད་དུ་ལས་ཀ་འབོར་ཆེན་བྱས་ཡོད་པ་རེད།རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་པོར་མི་རིགས་ས་ཁུལ་ལ་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་ཞལ་འདེབས་རྒྱག་པའི་མཛད་སྒོ་བསྡུས་པ་དེ་ནི་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་།བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པའི་བགྱིད་སྒོ་གལ་ཆེན་པོ་ཞིག་ཡིན་པ་ལ།རྩ་ཁྲིམས་ཀྱི་འདུ་ཤེས་ཉིད་མི་རིགས་ཁག་གི་ཀློག་པ་པོ་རྣམས་ཀྱི་རྒྱུད་ལ་བཞག་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་རྒྱུ་དང་།མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྤེལ་སྐུལ་འདེད་བྱེད་རྒྱུར་མངོན་སུམ་གྱི་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།
         གོང་སྨོས་དཔེ་ཆ་ཞལ་འདེབས་རྒྱག་པའི་ཕྱོགས་མཚུངས་སུ་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུམ་བཤད་ཀྱི་དགོངས་པ་སློབ་སྦྱོང་བྱེད་པར་མཐུན་རྐྱེན་སྦྱར་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་དགོངས་པ་ཟབ་མོ་དང་གཞུང་ལུགས་ཀྱི་བཞད་དགོངས་ཆེན་པོ་མི་རིགས་ས་ཁུལ་གྱི་མངོན་སུམ་ལས་ཀའི་ནང་དུ་དོན་འཁྱོལ་བྱེད་དུ་འཇུག་སླད་དུ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་པུའུ་གཉིས་ཀྱིས་ད་དུང་མི་རིགས་ས་ཁུལ་གྱི་ཀློག་པ་པོ་ཚོར་མི་རིགས་སྐད་ཡིག་གི་༼སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཕྱག་བསྟར་མའི་སྐོར་གྱི་ཀློག་དེབ་༽ཞལ་འདེབས་བརྒྱབ་ཡོད་པ་རེད།
    【1】  【2】
      

    ཕྱོགས་བསྡུས་གསར་འགྱུར།