འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ལྕགས་སྒྲོམ་བོད་ལྗོངས་ཡན་ལག་ཀུང་སི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡ཉིན་ཀྲུང་གོ་ལྕགས་སྒྲོམ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་ལས་ཚོང་གཉེར་ཚོང་དུད་ཆེ་གྲས་གསུམ་གྱི་རྨང་གཞིའི་ས་ཚིགས་འཛུགས་སྐྲུན་ཐད“རང་ཐག་རང་གཅོད”ཀྱི་རྣམ་པར་འགྱུར་བ་བྱུང་ནས་ཐོན་ཁུངས་འཕྲོ་བརླག་འགྲོ་རྒྱུ་སྔོན་འགོག་ཐུབ་རྒྱུ་དང་འཛུགས་སྐྲུན་ཡང་ཡང་བྱེད་མི་དགོས་པ་ཡོང་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ལྕགས་སྒྲོམ་ཀུང་སི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་དང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པའི་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་ཕྱོགས་བསྡུས་ཞབས་ཞུའི་ཁེ་ལས་ཆེ་གྲས་ཤིག་ཡིན་པ་དང་། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་༡༠༠ཟིན་པ། ཀྲུང་གོ་སྒྲུལ་བདེ་དང་། ཀྲུང་གོ་མཉམ་འབྲེལ་འཕྲིན་གཏོང་། ཀྲུང་གོ་གློག་འཕྲིན་བཅས་སོ་སོར་རྐང་དབང་༤༠.༠%དང་། ༣༠.༡ % དང་། ༢༩.༩%བཅས་ཡོད་པ་རེད།
         ༢༠༡༣ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་ཤང་དང་གྲོང་རྡལ་གནས་ཡུལ་༡༠༠%རུ་གཏན་འཇགས་ཁ་པར་འཛུགས་རྒྱུའི་ལས་འགན་ལེགས་གྲུབ་བྱུང་བ་དང་རང་སྐྱོང་ལྗོངས་ཡོངས་སུ་ཁ་པར་སྤྱོད་མཁན་དུད་ཚང་བསྡོམས་གྲངས་ཁྲི་༣༠༠ཟིན་ནས་མི་རེར་ཁ་པར་རེའི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།