འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་
    ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་༢༠༡༤ལོའི་ལོ་སྨད་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་༧དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་༣༤༤དང་། དེ་བཞིན་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པ་༡༩བཅས་ལ་གཟེངས་བསྟོད་བྱས་པ་རེད།
         ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཚན་ཁག་དང་། ཚན་པ་ཁག དགོན་སྡེའི་དོ་དམ་ཨུ་ལྷན། དགོན་སྡེའི་ཆེད་འགན་འཁུར་མཁན་བཅས་ཀྱིས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་དེ་གལ་ཆེའི་གནས་སུ་བརྩིས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཡུན་རིང་སྤེལ་དགོས་པ་དང་། མུ་མཐུད་དང་གོ་རིམ་ལྡན་པའི་ངང་གཏོད་འདེམས་ལས་དོན་ལ་སྐུལ་འདེད་བཏང་སྟེ་དགོན་སྡེའི་དོ་དམ་གསར་གཏོད་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། དགོན་སྡེ་ཁག་གི་དོ་དམ་ཨུ་ལྷན་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་གཏོད་འདེམས་བྱེད་སྒོའི་ནང་ཐད་ཀར་ཞུགས་མཁན་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་མཁན། སྐུལ་འདེད་ངོ་མ་གཏོང་མཁན་བཅས་སུ་བརྩིས་ནས་གཏོད་འདེམས་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དགོན་སྡེའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།