འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ཚན་ཆུང་བཅུ་གསུམ་པོ་སྐོར་ཞིབ་
    བྱེད་སའི་ལས་ཁུངས་ཁག་ཏུ་འབྱོར་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་01ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༡༡པའི་ཚེས་༣༠ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་རེས་སྐོར་ལྔ་བས་རྒྱལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་སྐོང་འཚོགས་བྱས་པ་རེད། ད་ལྟའི་བར་དུ་༢༠༡༤ལོར་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ཚན་ཆུང་ཚང་མ་ལས་ཁུངས་བཅུ་གསུམ་ནང་སོང་ནས་སྐུལ་སློང་ཚོགས་འདུ་ཚོགས་ཡོད་པ་རེད། ཀྲུང་དབྱང་གིས་ཆོག་མཆན་གནང་བ་ལྟར་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ཀྱིས་རིག་གནས་པུའུ་དང་ཁོར་ཡུག་སྲུང་སྐྱོབ་པུའུ། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ། ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས། ལྷོ་ཕྱོགས་མཁའ་སྐྱོད་ཀུང་སི་དང་ཀྲུང་གོའི་གྲུ་གཟིངས་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོའི་འབྲེལ་འཕྲིན་དང་ཀྲུང་གོའི་མཚོ་སྐྱེལ་ཚོགས་པ། ཀྲུང་གོའི་ཧྭ་གློག་ཚོགས་པ་ཀུང་སི། ཏུང་ཧྥུན་རླངས་འཁོར་དང་ཧྲིན་ཧྭ་ཚོགས་པ་ཚད་ཡོད་འགན་ལེན་ཀུང་སི། ཀྲུང་གོའི་རྡོ་སྣུམ་བཟོ་ལས་ཚོགས་པ་ཀུང་སི་བཅས་ལས་ཁུངས་བཅུ་གསུམ་ལ་ཆེད་དོན་སྐོར་ཞིབ་བྱ་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་ཁག་སྐོར་ཞིབ་བྱེད་སའི་ལས་ཁུངས་སུ་དུས་ཡུན་ཟླ་གཅིག་ལྷག་ལ་འདུག་པ་དང་། འདི་ལས་སྐོར་ཞིབ་ཚན་ཆུང་ཚང་མས་ད་ལོའི་ལོ་མཇུག་གི་སྔོན་ལ་རེས་སྐོར་གསུམ་པའི་སྐོར་ཞིབ་ལས་དོན་སྒྲུབ་ཚར་རྒྱུ་ཡིན་པ་མཚོན་ཡོད་པ་རེད། སྐོར་ཞིབ་ཀྱི་སྐབས་སུ་སྐོར་ཞིབ་ཚན་ཆུང་གིས་ཆེད་དུ་ལས་རེས་ཁ་པར་དང་སྦྲགས་སྲིད་ཡིག་སྒམ་སོགས་ཕྱེ་ནས་ལས་ཁུངས་དེ་དག་གི་འགོ་ཁྲིད་ལས་བྱེད་པ་དང་རིམ་པ་འོག་མའི་འགོ་ཁྲིད་དང་ཁོངས་མི། གོ་གནས་གལ་ཆེན་ཟིན་ཡོད་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཐད་ཀྱི་ཞུ་གཏུག་ཁ་པར་དང་འཕྲིན་ཡིག་སྣེ་ལེན་བྱས་ཅིང་། གཙོ་བོ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་མིན། ཆབ་སྲིད་སྒྲིག་ཁྲིམས་དང་ལས་བྱེད་པ་བསྐོ་བཞག་གི་ཁྲོད་ཀྱི་ཞུ་གཏུག་དང་གནད་དོན་ལ་སྐོར་ཞིབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།