འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཨེ་ཙེའི་ནད་དུག་འགོས་པའི་ནད་པ་བཞི་འབུམ་དགུ་ཁྲི་བདུན་སྟོང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་01ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ལོ་2014ལོའི་འཛམ་གླིང་ཨེ་ཙེའི་ཉིན་མོ་ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་། མཛེས་སྡུག་ལྡན་པའི་ལང་ཚོའི་བདག་པོ་རང་གིས་བྱེད་ཅེས་པ་སྟེ། སང་རས་དམར་པོའི་བདེ་ཐང་ཕོ་ཉ་སློབ་གྲྭར་བསྐྱོད་ཅེས་པའི་བྱེད་སྒོ་སྤེལ་བའི་མཛད་སྒོ་དེ་སྤྱི་ཟླ་11པའི་ཚེས་30ཉིན་པེ་ཅིང་དུ་སྤེལ་ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་གོ་ཆང་གིས་འགོ་ཚུགས་མཛད་སྒོའི་ཐོག རང་རྒྱལ་ལ་སྤྱི་ལོ་1985ལོར་ཨེ་ཙེའི་ནད་འགོས་པའི་ནད་པ་དང་པོ་དེ་ཐོན་ཚུན། ད་ལོའི་སྤྱི་ཟླ་10པའི་ཟླ་མཇུག་བར་སླེབས་དུས། ད་ལྟ་གསོན་པོར་གནས་པའི་ཨེ་ཙེའི་ནད་དུག་ཕོག་པ་དང་ནད་པ་སྙན་ཞུ་བྱས་པ་བཞི་འབུམ་དགུ་ཁྲི་བདུན་སྟོང་ཡོད་པ་དང་། གྲོངས་པ་ཆིག་འབུམ་ལྔ་ཁྲི་བཞི་སྟོང་ཟིན་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ནད་ཡམས་གནས་ཚུལ་ཐད་ཁྱད་ཆོས་བཞི་ཐོན་ཡོད་དེ། གཅིག་ནི་རྒྱལ་ཡོངས་ཀྱི་ནད་ཡམས་གནས་ཚུལ་སྤྱི་ཡོངས་ནས་འགོས་ཁྱབ་ཆུང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཀྱང་། ས་ཁུལ་ཁག་ཅིག་ལ་ཚད་གཞི་ཅུང་མཐོ་རུ་ཕྱིན་པ། གཉིས་ནི་ཁྲག་རྩར་ཁབ་བརྒྱབ་ནས་དུག་འཐེན་མཁན་དང་མ་བུ་འགོས་ཁྱབ་འགྲོ་ཚད་ཉུང་བ་དང་་། ཕོ་མོའི་འཁྲིག་སྤྱོད་བརྒྱུད་ནད་དུག་འགོས་རྒྱུ་དེ་རྒྱུད་སྤེལ་ཐབས་ལམ་གཙོ་བོར་གྱུར་བ། གསུམ་ནི་ས་གནས་ཁག་ལ་འགོས་ཁྱབ་འགྲོ་བའི་མ་དཔེར་ཧེ་བག་ཡོད་ཅིང་། དར་མ་དང་རྒན་རྒོན། གཞོན་ནུ་སློབ་མ་སོགས་གཙོ་གནད་མི་ཚོགས་ནང་ནད་ཡམས་འགོས་ཁྱབ་འགྲོ་ཚད་མངོན་གསལ་དོད་དུ་འགྲོ་བ། བཞི་ནི་གསོན་པོར་གནས་པའི་ནད་དུག་འགོས་མཁན་དང་ནད་པའི་མི་གྲངས་མངོན་གསལ་དོད་པོས་མང་དུ་འགྲོ་བ་དང་། ནད་རྟགས་ཐོན་མཁན་མི་གྲངས་མང་དུ་འགྲོ་བ་བཅས་ཡིན་པ་རེད། ད་ལོའི་སྤྱི་ཟླ་12པའི་ཚེས་1ཉིན་ནི་འཛམ་གླིང་ཨེ་ཙེའི་ཉིན་མོ་ཨང་27པ་དེ་ཡིན་པ་དང་། ད་ལོའི་བརྗོད་དོན་གཙོ་བོ་ནི་བྱ་སྤྱོད་སྤེལ་ནས་ཨེ་ཙེའི་ནད་འགོས་ཁྱབ་མི་འགྲོ་བ་བྱེད་དགོས་ཞེས་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།