འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་གྱི2014ལོའི་ཕྱོགས་བསྡུས་བདག་སྐྱོང་དང་བདེ་འཇགས་བརྟན་སྲུང་
    ལས་དོན་ལ་གྲུབ་འབྲས་བཟང་བོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་28ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། 2014ལོར།ཀན་ལྷོ་ཁུལ་གྱི་ཕྱོགས་བསྡུས་བདག་སྐྱོང་དང་བདེ་འཇགས་བརྟན་སྲུང་བྱ་བར་ཡུན་རིང་བདེ་འཇགས་ཡོང་བ་དམིགས་འབེན་བྱས་ཤིང་། ཐོད་བརྒལ་འཕེལ་རྒྱས་ཀྱིས་སྣེ་འཁྲིད་པ། རྨང་གཞི་སྲ་བརྟན་གྱིས་འགན་བླངས་པ། མང་ཚོགས་ལམ་ཕྱོགས་ཀྱི་ཐབས་ལ་བརྟེན་པ་སོགས་ཀྱིས་སྤྱི་ཚོགས་ཧྲིལ་བོ་སྤྱིའི་ཆ་ནས་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས། 
         གཅིག་ནས་འཆམ་མཐུན་དགོན་སྡེ་འཛུགས་སྐྱོང་བྱ་བ་ནན་གྱིས་བཟུང་བ་སྟེ། ཁུལ་དང་ རྫོང་གི་ལས་ཁུངས156གིས་བོད་བརྒྱུད་ནང་བསྟན་དགོན་སྡེ121ལ་འབྲེལ་བ་བྱས་པ་དང་། ཞིང་ཆེན་དང་ཁུལ་གྱི་ལས་བྱེད་པ་ལྔ་བཅུ་ང་གསུམ་གྱིས་ཆོས་ལུགས་མི་སྣ74ལ་འབྲེལ་བ་བྱས་པ། རྫོང་དང་ཤང་གི་ལས་བྱེད་པ་9674ཡིས་གྲྭ་བ་ཆིག་ཁྲི་ལྷག་ལ་འབྲེལ་བ་བྱས་པ་སོགས་ཀྱི་ཉིས་འབྲེལ་བྱ་བ་གཏིང་ཟབ་ཏུ་སྤེལ་པ་དང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དགེ་རྒན་1700ལྷག་ལ་གསོ་སྦྱོང་བྱས་ཡོད།
          གཉིས་ནས་འགལ་བའི་རྩོད་གཞི་རྩད་ཞིབ་ཐག་གཅོད་བྱས་པ་སྟེ། ཟླ་བ་དང་པོ་ནས་ བཅུ་བའི་བར། ཁུལ་ཡོངས་སུ་འགལ་བའི་རྩོད་གཞི་སྣ་ཚོགས་1998རྩད་ཞིབ་དང་ཐག་ གཅོད་བྱས་ཤིང་། ཐག་གཅོད་བྱུང་ཚད་97.8%ལ་སླེབས།
         གསུམ་ནས་གཞི་རིམ་བདེ་འཇགས་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་སྟེ། ཁུལ་་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཁུལ་ཕྱོགས་བསྡུས་བདག་སྐྱོང་གཞུང་ལས་ཁང་གིས་གསར་སྒྲུབ་དང་རང་སོར་བཞག་པའི་བདེ་འཇགས་ཤང་གྲོང་76ལ་དཔྱད་ཞིབ་རྩིས་ལེན་བྱས་ཤིང་། རྫུན་མ་དང་རྒྱན་སྐུགས་འཆོམ་གསུམ་ལ་འགོག་རྒོལ། དྲ་རྒྱའི་ཁྲིམས་འགལ་ བྱ་སྤྱོད་ལ་རྡུང་རྡེག་སོགས་ཀྱི་ཆེད་དམིགས་བྱ་འགུལ་སྤེལ་ཏེ། ཉོག་འཛིང་ཆེ་ལ་བདེ་ འཇགས་ གནད་དོན་འབུར་དུ་ཐོན་པའི་ས་གནས་ཁག་ཅིག་རིམ་གྱིས་བདག་སྐྱོང་བྱས། 
         བཞི་ནས་ཕྱོགས་བསྡུས་བདག་སྐྱོང་དང་བདེ་འཇགས་བརྟན་སྲུང་གི་གཞི་རིམ་རྨང་གཞི་སྲ་བརྟན་དུ་བཏང་བ་སྟེ། ཁུལ་ཡོངས་ཀྱི་ཤང་གྲོང་བརྒྱ་ལ་བདག་སྐྱོང་མཉམ་འབྲེལ་རུ་ཁག་སྒྲིག་འཛུགས་བྱས་པ་དང་། ཁེ་ལས་སམ་ལས་དོན་ལས་ཁུངས་ལ་བདེ་སྲུང་རྩ་འཛུགས589བཙུགས་ཤིང་། དེ་དག་གི་ནང་དུ་བདེ་སྲུང་མི་སྣ་1080ཡོད། སྲང་ལམ་དང་ཐང་ཆེན་སོགས་སྤྱི་སྤྱོད་ ས་ཁོངས་དང་ལས་ཁུངས་སོགས་ལ་ལྟ་རྟོག་བརྙན་ཤེལ་1700ལྷག་བསྒྲིགས་ཡོད་ལ། འཛུགས་གྲུབ་བྱུང་བའམ་གསར་དུ་བཙུགས་པའི་སྡོད་དམངས་ཀྱི་སྡོད་ཁང་བརྒྱ་ཆའི་དགུ་བཅུ་ལ་གློག་རྡུལ་རྐུན་འགོག་གི་སྒོ་སོགས་ཀྱི་ཚན་རྩལ་འཛོམས་པའི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། ཁུལ་ཡོངས་ཀྱི་ཤང་གྲོང་དང་སྡེ་བ་སོ་སོར་ཕྱོགས་བསྡུས་བདག་སྐྱོང་གི་འཕྲིན་ སྒྲོག་པ700ལྷག་ཡོད།
          ལྔ་ནས་ཁྲིམས་ལུགས་ཁྱབ་བརྡལ་དང་དྲིལ་སྒྲོག་སློབ་གསོའི་ནང་རྐྱེན་འཐུས་ཚང་དུ་བཏང་བ་སྟེ། དྲུག་པའི་ཚེས་ལྔའི་ཁྲིམས་ལུགས་ཁྱབ་བརྡལ་དང་དྲིལ་སྒྲོག་སློབ་གསོར་ བརྟེན་ནས། རིག་གནས་དང་འཕྲོད་བསྟེན། ཚན་རྩལ། ཁྲིམས་ལུགས་བཅས་གཞི་རིམ་དུ་ སྐྱེལ་བའི་བྱ་འགུལ་སྤེལ་བ་དང་། བདེ་འཇགས་འཛུགས་སྐྱོང་བྱ་འགུལ་དང་། དྲུག་པའི་ ཚེས་ཉེར་དྲུག་གི་རྒྱལ་སྤྱིའི་དུག་འགོག་ཉིན་མོ། བཅུ་གཅིག་པའི་ཚེས་དགུའི་མེ་འགོག་ དྲིལ་སྒྲོག་ཉིན་མོ་སོགས་ཀྱི་བྱ་འགུལ་ལ་བརྟེན་ནས། ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་ ཐེངས་བཞི་བརྒྱ་ལྷག་སྤེལ་ཡོད་པ་རེད། ༼ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚེ་རིང་རྡོ་རྗེས།༽
      

    ཕྱོགས་བསྡུས་གསར་འགྱུར།