འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅༎ཡུལ་ཤུལ་ཁུལ་གྱི་འབྲོག་པ་ཁྲི་13.3གློག་མེད་པའི་འཚོ་བ་སྐྱེལ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་28ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གོ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིས་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་ཀྱི་མཐའ་མའི་མ་ལག་369ཚང་མ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཧ་ཤུལ་ཤང་གི་འབྲོག་པ་ཚོར་སྤྲད་པ་དེ་ལས་ཞིང་འབྲོག་པ་ཁྲི་13.3གློག་མེད་པའི་འཚོ་བ་སྐྱེལ་མཇུག་འགྲིལ་བ་རེད།
         མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དེ་ཉིད་མཚོ་བོད་ས་མཐོའི་དཀྱིལ་དབུས་ཀྱི་གཙང་གསུམ་ཆུ་འགོར་གནས་པ་དང་དེར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཡན་ཟིན་པ་དེ་ནི་མཚོ་སྔོན་ཞིང་ཆེན་དུ་ཨང་དང་པོ་དང་རྒྱལ་ཡོངས་སུ་ཨང་གཉིས་པར་བཙུགས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཀྲོའུ་30ཡི་ཁྲོད་ཀྱི་གྲངས་ཉུང་མི་རིགས་གཙོ་བོ་བཟུང་བའི་བསྡུར་གྲངས་མཐོ་ཤོས་དང་། ས་བབ་མཐོ་ཤོས། མི་རེའི་ཆ་སྙོམས་ས་ཆ་བཟུང་ཁྱོན་ཆེ་ཤོས། སྣོད་བཅུད་གནས་ཡུལ་གལ་ཆེ་ཤོས་བཅས་ཀྱི་རང་སྐྱོང་ཁུལ་ཞིག་ཀྱང་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྔར་ནས་ད་བར་ཡུལ་ཤུལ་ཁུལ་ཡི་གློག་མཁོ་འདོན་དེ་ཆུ་ཤུགས་གློག་ཁང་ཆུང་གྲས་གཙོ་བོར་བྱེད་པ་དང་དགུན་ཁ་ཆུ་སྐམ་དུས་གློག་ཆད་ཚད་60%ལྷག་ཙམ་ཟིན་གྱི་ཡོད། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་བཏོན་པའི“ལོ་ལྔ་ཚན་བཅུ་གཉིས་པའི”གློག་མེད་པའི་མི་འབོར་ཚང་མར་གློག་སྤྱོད་ཐུབ་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་ཆེད། ཀྲུང་གོ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་8.38བཏང་སྟེ་ཡུལ་ཤུལ་ས་ཁུལ་དུ་འོད་ཤུགས་རྐྱང་པའི་གློག་འདོན་ལས་གྲྭ་བསྐྲུན་ནས་འོད་ཤུགས་གློག་ཁང་བསྐྲུན་རྒྱུའི་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་འོད་ཤུགས་རྐྱང་པའི་གློག་ཁང་བསྐྲུན་པའི་བྱ་ཐབས་སྤྱད་དེ་གློག་འཁྲིད་རྒྱུའི་གནད་དོན་ཐག་གཅོད་བྱེད་པ་དང་སྡོད་གནས་ཅུང་ཁ་ཐོར་ཡིན་པའི་འབྲོག་དུད་དང་གློག་དྲ་སྣུར་སྲིང་བྱ་ཐབས་བྲལ་བའི་ཁ་ཐོར་དུ་གནས་པའི་དུད་ཚང་ལ་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་མ་ལག་སྤྲད་དེ་འཚོ་བའི་ཐད་ཀྱི་གཞི་རྩའི་གློག་སྤྱོད་གནད་དོན་ཐག་གཅོད་བྱས་པ་རེད།
          “ཀྲུང་གོ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིས་སྐྲུན་འགན་འཁུར་བའི་ཡུལ་ཤུལ་གྱི་གློག་མེད་པའི་ས་ཁུལ་གྱི་འོད་ཤུགས་རྐྱང་པའི་གློག་འདོན་ལས་གྲྭར་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་མ་ལག་35016སྤྲད་པ་དང་འོད་ཤུགས་རྐྱང་པའི་གློག་ཁང་300ལྷག་ཙམ་སྐྲུན་པ་དེའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་20ལས་བརྒལ་ཡོད། ཟླ་11ཚེས་20ཉིན་བར་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་མ་ལག་35016སྤྲད་ཟིན་པ་དང་འོད་ཤུགས་རྐྱང་པའི་གློག་ཁང་གི་དུས་འགོའི་ལྟ་ཞིབ་ལས་དོན་ལེགས་གྲུབ་ཟིན་ཡོད”ཅེས་ཀྲུང་གོ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིའི་ཡུལ་ཤུལ་གློག་མེད་ཁུལ་གྱི་རྣམ་གྲངས་པུའི་འགན་འཁུར་བ་དབྱང་ཀྲན་ཏུང་གིས་བཤད།
           ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་ཀུང་སི་དེས་ས་བབ་སྨི་4000ནས་4500བར་དུ་ཆན་ཝ་20དང་། 30 40 50 60 80སོགས་གཞི་ཁྱོན་མི་འདྲ་བའི་འོད་ཤུགས་རྐྱང་པའི་གློག་ཁང་བསྐྲུན་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་སང་ལོ་ལས་གྲྭ་ཧྲིལ་པོ་མཇུག་འགྲིལ་ནས་ཡུལ་ཤུལ་ཁུལ་གྱི་དུད་ཚང་48100ཡི་ཞིང་འབྲོག་པ་42047གྱི་འཚོ་བའི་ཐད་ཀྱི་གཞི་རྩའི་གློག་སྤྱོད་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།