འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཁུལ་གྱིས་གེགས་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་26ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་24ཉིན་གསར་འགོད་པས་དཀར་མཛེས་ཁུལ་གྱི་དར་མདོའི“11·22”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས་༢༤ཉིན་གྱི་ཆུ་ཚོད་༡༠ཡི་བར་དར་མདོའི“11·22”ཀྱི་ས་ཡོམ་ཆེན་པོའི་ནང་མི་༥རྐྱེན་ལམ་དུ་ཤོར་བ་དང་མི་༥༥རྨས་སྐྱོན་(དེའི་ནང་མི་༣རྨས་སྐྱོན་ཚབས་ཆེན་བྱུང་བ་དང་། མི་༣ལ་རྨས་སྐྱོན་ལྕི་པོ་བྱུང་བ། མི་༤༩ལ་རྨས་སྐྱོན་ཡང་མོ་བྱུང་ཡོད)བྱུང་ཡོད། ཀྲོའུ་དཀར་མཛེས་ཁུལ་མངའ་ཁོངས་ཀྱི་དར་རྩེ་མདོ་དང་། རྟའུ། རོང་བྲག བརྒྱད་ཟིལ། ལྕགས་ཟམ་ཁ། ཉག་ཆུ་བཅས་རྫོང་༦གི་ཤང(གྲོང་རྡལ)༥༥ལ་གེགས་བར་ཚབས་ཆེན་བྱུང་བའི་ནང་ཁང་པ་༢༣རྡིབ་པ་དང་། ཁང་པ་༢༦༣༠ལ་གས་སྐྱོན་ཚབས་ཆེན་ཤོར་ཡོད་པ། ཁང་པ་༢༣༡༣༥ལ་གས་སྐྱོན་ཤོར་བ། མང་ཚོགས་༡༠༠༤༠༠ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད་པ་རེད།
         བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། གནོད་འཚེ་ཕོག་པའི་རྫོང་༦གི་འགྲིམ་འགྲུལ་གཞུང་ལམ་ལ་ཚད་གཞི་མི་འདྲ་བའི་གས་སྐྱོན་ཤོར་ཏེ་གཞུང་ལམ་༥༤ཡི་སྤྱི་ལེ་༢༠༤.༥དང་ཟམ་པ་༦༡གི་སྨི་༢༧༡༤ལྷག་ཙམ་ཟིན་ནས་དཔལ་འབྱོར་གྱོང་གུན་སྒོར་ཁྲི་༡༥༩༩༦བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།