འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་
    པའི་འགོ་གཙོའི་གྲོས་ཚོགས་ཐེངས་དགུ་པར་ཞུགས་པའི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༡༡ཚེས་༡༤ཉིན་ནས་༢༣ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཞལ་ཆད་ལྟར་པུ་ལི་སི་ཐན་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་ཐེངས་༩པར་ཞུགས་པ་དང་ཨའོ་སི་ཁྲུ་ལི་ཡ་དང་ཉིའུ་ཙེ་ལན། ཧྥི་ཅི་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་ཞི་བདེ་རྒྱ་མཚོ་ཆེན་པོའི་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་སྡེབ་ཐུགས་འཕྲད་གནང་ཡོད་པ་དང་འཚམས་འདྲི་གནང་མཇུག་སྒྲིལ་བའི་སྐབས་སུ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ནས་གསར་འགོད་པར་ཐེངས་འདིའི་འཚམས་འདྲིའི་གནས་ཚུལ་སྐོར་ངོ་སྤྲོད་གནང་འདུག
         ཉིན་བཅུའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་ནས་རྒྱལ་ཁབ་༣གྱི་གྲོང་ཁྱེར་༧ལ་འཚམས་འདྲི་གནང་བ་དང་ཕྱོགས་མང་བྱེད་སྒོ་ཁག་༨༠ལྷག་ཙམ་ནང་ཞུགས་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་ཁུར་བ་༤༠དང་དེ་བཞིན་འཚམས་འདྲི་གནང་སའི་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་དང་སྤེལ་རེས་རྒྱ་ཁྱབ་གནང་བ་དང་གྲོས་འགོ་བཏོན་གནང་བ་དང་མཉམ་ལས་ལ་སྐུལ་འདེད་བཏང་གནང་བ། སེམས་ཤུགས་བརྒྱུད་སྤྲོད་བཅས་གནང་བས་གལ་ཆེའི་བཀྲ་ཤིས་པའི་ཆ་འཕྲིན་རྒྱུན་མཐུད་ཐོན་ཡོད་པ་རེད། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ཚན་པས་ཚ་ཚ་འུར་འུར་ངང་གནས་ཚུལ་གཏོང་སྤེལ་བྱས་པ་དང་ཐེངས་འདིའི་འཚམས་འདྲི་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་པའི་གདེང་འཇོག་བྱས་པ་དང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ། འཛམ་གླིང་བཅས་ཀྱི་གོང་འཕེལ་ལ་གལ་ཆེ་ལ་རྒྱང་རིང་གི་ཤུགས་རྐྱེན་བཟོ་རྒྱུ་རེད་ཅེས་བཤད་འདུག
         དེ་ཡང་དང་པོ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་རྒྱུར་ཕན་པ་ཐོན་རྒྱུ་ཡིན་པ་དང་གཉིས་པ་ཀྲུང་གོ་དང་ཨའོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་དང་ཉིའུ་ཙེ་ལན་་གྱི་འབྲེལ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་དང་ཕྱོགས་གཉིས་མཉམ་ལས་སྐས་རིམ་གསར་པ་ཞིག་གི་ཐོག་འཛེགས་རྒྱུར་སྐུལ་འདེད་ཐེབས་པ། གསུམ་པ་རང་རྒྱལ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་གཏིང་ཟབ་དུ་ཕྱིན་ནས་མཐའ་འཁོར་ཕྱི་འབརེལ་གྱི་ཁྱབ་ཚུལ་འཐུས་ཚང་དུ་ཕྱིན་པ། བཞི་པ་ཀྲུང་ལོའི་སྒྲུང་གཏམ་ཡག་པོ་བཤད་པ་དང་འཛམ་གླིང་ལ་ཀྲུང་གོ་ནི་སྙིང་ཉེ་བ་ཞིག་ཡིན་པའི་ཚོར་སྣང་བྱུང་བ་བཅས་རེད།
         ཝང་དབྱི་ནས་མཇུག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ད་ཐེངས་ལྷོ་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་ལ་འཚམས་འདྲི་གནང་བ་ནི་ད་ལོའི་ཀྲུང་གོའི་ཕྱི་འབྲེལ་གྱི་ནང་དོན་གཙོ་བོ་ཡིན་པ་དང་ཀྲུང་གོའི་ཕྱི་འབྲེལ་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་འདུག
      

    ཕྱོགས་བསྡུས་གསར་འགྱུར།