འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་རྡོ་སོལ་གཏེརའདོན་བཟོ་གྲྭ་
    ཆེན་པོ་གཉིས་ལ་འཛུགས་སྐྲུན་བྱེད་མཚམས་འཇོག་དགོས་པའི་བཀའ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཚེས་༡༨ཉིན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་རྡོ་སོལ་གཏེར་ཁའི་བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་ཅུས་ཀྱིས་ཀྲུང་གོའི་རྡོ་སོལ་ནུས་པའི་འབྱུང་ཁུངས་ཀྱི་ཤིན་ཅང་ཐན་ཧྲན་རྡོ་སོལ་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཤིན་ཅང་གི་རྡོ་སོལ་གཏེར་ཁའི་བཟོ་གྲྭ་༡༠༦ལ་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་བ་དང་རྒྱལ་ཁབ་མ་འཇོག་ཧ་མི་ནུས་པའི་འབྱུང་ཁུངས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏ་ནན་ཧུའུ་རྡོ་སོལ་གཏེར་ཁའི་བཟོ་གྲྭ་བདུན་པར་འཛུགས་སྐྲུན་བྱེད་མཚམས་འཇོག་རྒྱུའི་བཀའ་བཏང་ཡོད་པ་རེད།
          བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས། ནུས་ལྡན་བྱ་ཐབས་བཟུང་ནས་མི་མངོན་པའི་རྐྱེན་ངན་སེལ་བ་དང་གཏན་འབེབས་ལྟར་འབྲེལ་ཡོད་ཞིབ་མཆན་འགོད་པའི་འགྲོ་ལུགས་ཧུར་ཐག་གཉེར་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་ཞིབ་བཤེར་རྩིས་ལེན་དང་མོས་མཐུན་བྱས་པ་མ་ཟད་ལས་འགོ་འཛུགས་ཆོག་པའི་ཐོ་བཀོད་འགྲོ་ལུགས་གཉེར་རྗེས་གཞི་ནས་འཛུགས་སྐྲུན་དང་ཐོན་སྐྱེད་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་འདུག ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཤིན་ཅང་འཛུགས་སྐྲུན་དམག་སྡེས་ཁྲིམས་གལ་དང་གཏན་འབེབས་དང་རྒྱབ་གལ་བྱས་པའི་རྡོ་སོལ་གཏེར་ཁ་བཟོ་གྲྭའི་འཛུགས་སྐྲུན་དང་ཐོན་སྐྱེད་ལ་འཐེན་བཤེར་གཙང་སེལ་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་མི་མངོན་པའི་རྐྱེན་ངན་འཐེན་བཤེར་རྩིས་ལེན་དང་ཞིབ་མཆན་འགོད་པའི་འགྲོ་ལུགས་གཉེར་རྒྱུའི་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་འདུག
      

    ཕྱོགས་བསྡུས་གསར་འགྱུར།