འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༤ལོའི་མཚོ་བོད་ས་མཐོའི་(མཚོ་སྔོན)ཞིང་ཕྱུགས་ཐོན་ཟོག་འགྲེམས་སྟོན་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་གསར་འགྱུར། ཟླ་༡༡ཚེས་༡༧ཉིན་དུས་ཡུན་ཉིན་༤ཡི་རིང་ལ་སྤེལ་བའི་༢༠༡༤ལོའི་མཚོ་བོད་ས་མཐོའི་(མཚོ་སྔོན)ཞིང་ཕྱུགས་ཐོན་ཟོག་འགྲེམས་སྟོན་མཇུག་འགྲིལ། ད་ཐེངས་ཀྱི་འགྲེམས་སྟོན་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་ཁུལ་ཁག་ནས་འཁྱེར་ཡོང་བའི་ཞིང་ཕྱུགས་ཐོན་ཟོག་ལ་ཞིང་ཆེན་ཕྱི་ནང་གི་ཚོང་པ་དང་དེ་བཞིན་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅིང་། འགྲེམས་ཚོགས་ཀྱི་བསྡོམས་རྩིས་གྲངས་གཞིའི་ནང་མཚོན་པར་གཞིགས་ན། འགྲེམས་ཚོགས་རིང་འགྲེམས་ཚོགས་ལ་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་༩ཟིན་པ་དང་། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་༤༢༠༠ཟིན་པ། གན་འཇོག་དངུལ་འབོར་སྒོར་ཁྲི་༦༥༠༠ཟིན་པ། ཉོ་ཚོང་གི་དངུལ་འབོར་བསྡོམས་སྒོར་དུང་ཕྱུར་༡.༠༧ཟིན་པ་བཅས་བྱུང་ནས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་གི་ཞིང་ཕྱུགས་ཐོན་ཟོག་ཕྱིར་ཚོང་སྟེགས་བུ་གསར་པ་ཞིག་བཏོད་པ་རེད།
         མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་དང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་འབྲུ་རིགས་ལས་རིགས་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི“༢༠༡༤ལོའི་མཚོ་བོད་ས་མཐོའི་(མཚོ་སྔོན)ཞིང་ཕྱུགས་ཐོན་ཟོག་འགྲེམས་སྟོན་ཚོགས་འདུའི”ཐོག་འགྲེམས་སྟོན་བྱས་པའི་གཙང་གསུམ་ཆུ་འགོའི་སྐྱེ་ལྡན་ནོར་ལུག་གི་ཤ་དང་དཀར་ཆུའི་ཐོན་ཟོག་དང་། ཚྭ་འདམ་གཞོང་སའི་འདྲེ་འཚེར་མ། མཚོ་སྐོར་སྣོད་བཅུད་ཤ་རིགས་ཐོན་ཟོག  སྤུས་ལེགས་ཆུ་གྲང་ཉ་དང་སྡིག་སྲིན། ཟི་ལིང་དང་དེ་བཞིན་མཚོ་ཤར་ས་ཁུལ་གྱི་སེ་ལྡན་ཞིང་ལས་ཐོན་ཟོག་སོགས་ཀྱིས་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་ཟོག་གི“ལྷད་མེད་དང་། སྐྱེ་ལྡན། སྣོད་བཅུད་བཟང་བ། སེ་ལྡན”བཅས་ཀྱི་བརྗོད་བྱ་གཙོ་བོ་གང་ལེགས་མངོན་པ་དང་། སྤུས་ལེགས་ལྷད་མེད་ཐོན་ཟོག་མང་པོ་ཞིག་ཞིང་ཆེན་ནང་ཁུལ་དུ་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཚོང་འདུ་ཚོགས་ཐོག་མཚོ་ཤར་དང་། མཚོ་ནུབ། མཚོ་བྱང་། ཡུལ་ཤུལ་སོགས་ཁུལ་༦གི་རང་བྱུང་གི་ལྷད་མེད་ཟས་རིགས་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་རྨ་ལྷོ་ཁུལ་ནས་འཁྱེར་ཡོང་བའི་ཐོན་ཟོག་ཉིན་དང་པོ་ཁོ་ནར་བཙོངས་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།