འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་གྱིས་སྐུལ་སློང་ནང་རྐྱེན་ཆེ་རུ་བཏང་ནས་སྤྱི་དབང་མིན་པའི་དཔལ་འབྱོར་
    འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ལྷག་པར་སྐུལ་སློང་ བྱེད་ཆེད། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་པར་བྱས་ཏེ། ༼སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར་༽གཏན་འབེབས་བྱས་ནས་ཕྱིར་བཏོན་ཞིང་། བསམ་འཆར་འདིས་སྤྱི་དབང་མིན་པའི་དཔལ་འབྱོར་ཁེ་ལས་ཆུང་བར་རོགས་སྐྱོར་བྱས་ནས་གོང་འཕེལ་གཏོང་བ་དང་། ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་ཤུགས་སྣོན་པ། མཚོན་རྟགས་འཐབ་ ཇུས་ལག་བསྟར་བྱེད་པ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་ཐད་ལ། བྱ་དགའི་རོགས་སྐྱོར་མ་ དངུལ་གྱི་ཤུགས་ཚད་ཆེ་རུ་བཏང་།
          རྒྱུས་ལོན་པ་ལྟར་ན། ཀན་ལྷོ་ཁུལ་གྱི་ཀྲུང་གོའི་སྙན་གྲགས་ཀུན་ཁྱབ་ཚོང་རྟགས་བླངས་པའི་ཁེ་ལས་རེར་བྱ་དགའི་མ་དངུལ་སྔོན་གྱི་སྒོར་འབུམ་གཅིག་ར་ཁྲི་ལྔ་ནས་ད་ལྟའི་འབུམ་ལྔ་རུ་མཐོར་འདེགས་བཏང་ཞིང་། ཀན་སུའུ་ཞིང་ཆེན་གྱི་མིང་གྲགས་ཚོང་རྟགས་ཐོབ་པའི་བྱ་ དགའི་མ་དངུལ་སྔོན་གྱི་ཁྲི་ལྔ་ནས་ད་ལྟའི་སྒོར་འབུམ་གཉིས་སུ་མཐོར་འདེགས་བཏང་། དེ་ མིན། ས་ཁམས་རྟགས་མཚན་ཚོང་རྟགས་ཐོབ་མཁན་ལ་བྱ་དགའི་མ་དངུལ་སྒོར་འབུམ་ གཅིག་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ལྡན་དམངས་གཉེར་ཁེ་ལས་བརྒྱའི་ནང་ ཚུད་པའི་སྤྱི་དབང་མིན་པའི་ཁེ་ལས་ལ་སྟེར་ཐེངས་གཅིག་ལ་བྱ་དགའི་མ་དངུལ་སྒོར་འབུམ་གཉིས་གནང་། དོན་དངོས་གཞིར་བཟུང་ནས།ཀན་ལྷོ་ཁུལ་གྱིས་ད་རུང་བྱ་དགའི་སྲིད་ཇུས་ཞིབ་མོ་གཏན་འབེབས་བྱས་ཤིང་། དོན་དངོས་སུ་དངུལ་ལོར་གྱི་དངུལ་གཏོང་སྒོར་འབུམ་ གཅིག་ཡན་ཆད་ལ་བསླེབསཔར་མ་ཟད།ད་དུང་མི་ལྔ་ཡན་ཆད་ཀྱི་རང་ཁུལ་གྱི་ཁྱིམ་ཐོ་ཡོད་པའི་མི་སྣ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཤིང་། གཙོ་བོར་མི་རིགས་རིག་གནས་ཐོན་ལས་གསར་སྤེལ་དང་ཡུལ་སྐོར་གསར་སྤེལ། མི་རིགས་ལག་བཟོའི་སྒྱུ་རྩལ་ལས་སྣོན། ཁྱད་ ལྡན་ཟས་རིགས་ཐོན་སྐྱེད་སོགས་ཀྱི་ཁེ་ལས་ཆུང་བར་ཁྱིམ་ཚང་རེར་བྱ་དགའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་གསུམ་གནང་། ལས་གནས་སུ་སློབ་སྦྱོང་བྱེད་པའི་ཁྲོད་དུ་རྒྱལ་ཁབ་འབྲེལ་ ཡོད་སྡེ་ཁག་གིས་ཁས་ལེན་ཐོབ་པའི་འབྲིང་རིམ་ཡན་ཆད་ཀྱི་ལས་གནས་གོ་མིང་ཡོད་པའམ་ཡང་ན་ནུས་རྩལ་དཔང་ཡིག་ཐོབ་པའི་མི་སྣར་སྟེར་ཐེངས་གཅིག་ལ་བྱ་དགའ་མ་དངུལ་སྒོར་སྟོང་གཅིག་གནང་བ་དང་། མཐོ་རིམ་ཡན་ཆད་ཀྱི་ལས་གནས་གོ་མིང་ཡོད་པའམ་ཡང་ན་ནུས་རྩལ་དཔང་ཡིག་ཡོད་པའི་མི་སྣར་སྟེར་ཐེངས་གཅིག་ལ་བྱ་དགའི་མ་དངུལ་སྒོར་སྟོང་གཉིས་གནང་།
          སྐུལ་སློང་ནང་རྐྱེན་ཆེ་རུ་བཏང་བས་སྤྱི་དབང་མིན་པའི་དཔལ་འབྱོར་ལ་སྐུལ་སྤེལ་གྱི་ནུས་པ་ཐོན་ཡོད་དེ། 2014ལོའི་ཟླ་བཅུ་བའི་བར་དུ། ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཚོང་ར་གཙོ་བོའི་སྤྱི་གྲངས་ཁྱིམ་ཚང་ཁྲི་གཉིས་སྟོང་ལྔ་བརྒྱད་བརྒྱ་ཉེར་བཞི་ལ་བསླེབས་ཤིང་། མ་རྩ་སྒོར་དུང་ཕྱུར་བརྒྱ་ར་དོན་གཅིག་དང་བྱེ་བ་གཅིག་ཐོ་འགོད་བྱས་པར། ཁྱིམ་ ཚང་གི་གྲངས་ཀ་དང་མ་རྩ་ན་ནིང་གི་དུས་མཉམ་དང་བསྡུར་ན་སོ་སོ་བརྒྱ་ཆའི་24.6དང་བརྒྱ་ཆའི་39.6འཕར་བ། ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར་ང་གཅིག་དང་བྱེ་བ་བརྒྱད་ས་ཡ་
    གཅིག་ལ་བསླེབས་པར། བརྒྱ་ཆའི་སོ་ལྔ་འཕར་བ་དང་། སྤྱི་དབང་མིན་པའི་ཁེ་ལས་ཀྱི་ ཕྱིར་གཏོང་མ་དངུལ་གྲངས་མེ་སྒོར་དུང་ཕྱུར་གཅིག་ར་བྱེ་བ་བཞི་ས་ཡ་གཉིས་ཡིན་པ་དང་། ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ཞེ་ གསུམ་ར་བྱེ་བ་བདུན་ཡིན་པར། ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་བརྒྱ་ཆའི་ཞེ་གཅིག་ཟིན་པ། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་གི་འཕེལ་ཚད་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་ལྔ་ལ་བསླེབས་པ་རེད།
           ཀན་ལྷོ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་རིན་ཆེན་སྐྱིད་ཀྱིས།
      

    ཕྱོགས་བསྡུས་གསར་འགྱུར།