མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ནེའུ་ཙི་ལན་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 07:58】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ནེའུ་ཙི་ལན་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

ནེའུ་ཙི་ལན་གྱི་ཙུང་ཏུའུ་མའེ་ཐུའུ་ཕ་ལེ་དང་ཙུང་ལི་ཡའོ་ཧན་ཅི་རྣམ་གཉིས་ཀྱིས་གདན་ཞུས་ལྟར། ཟླ་11ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ནེའུ་ཙི་ལན་གྱི་ཨའོ་ཁོ་ལན་གྲོང་ཁྱེར་དུ་འབྱོར་ཏེ་ནེའུ་ཙི་ལན་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད། འདི་ནི་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཡི་སྐུ་ཚབ་ཝོ་ཁོ་དང་ཙུང་ལི་ཡའོ་ཧན་ཅི་དང་ཁོང་གི་སྐུ་ཟླ། ཨའོ་ཁོ་ལན་གྲོང་ཁྱེར་གྱི་འགོ་གཙོ་པུའུ་ལང་བཅས་ཀྱིས་ཨའོ་ཁོ་ལན་གནམ་གྲུ་ཐང་དུ་ཞིས་ཅིན་ཕིང་དང་ཕེན་ལི་ཡོན་རྣམ་གཉིས་ལ་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུ་བཞིན་པ་ཡིན།