འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་པོ་སྐྱོན་ཅན་གྱིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་
    བྱ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་༢༢པ་ཚོགས་པས་ཀྲུང་གོས་འཛམ་གླིང་ཡོངས་ཡིད་འགུག་བྱ་རྒྱུ་ཡིན་པ་དང་། ཚང་མས་པེ་ཅིང་ལ་དོ་འཁུར་བྱ་རྒྱུ་ཡིན། དེའི་རིང་། ངོ་མཚར་ཆེ་བའི་དབང་པོ་སྐྱོན་ཅན་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཞིག་ཟབ་རྒྱས་ངང་གཉེར་ཡོད་པ་དང་། འཛམ་གླིང་ལ་ཀྲུང་གོའི་དབང་པོ་སྐྱོན་ཅན་བྱ་བཞག་གོང་འཕེལ་གྱི་གྲུབ་འབྲས་མངོན་པར་བྱས་ཡོད་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་ནས་དབང་པོ་སྐྱོན་ཅན་གྱི་གནད་དོན་ལ་དོ་ཁུར་བྱེད་ཚད་མཐོ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་ནས། དབང་པོ་སྐྱོན་ཅན་གྱི་གྲོངས་གཞི་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་འཇུག་རྒྱུ་ཡིན་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༣༠སོང་ཚུན། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་འཚོ་སྡོད་དང་གོང་འཕེལ་གནས་བབ་ལེགས་བཅོས་ཟམ་མི་ཆད་པ་བྱུང་ཡོད་པ་དང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་གནས་བབ་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་ལ། དབང་པོ་སྐྱོན་ཅན་དེ་བས་མང་བ་བདེ་སྐྱིད་དང་ལ་རྒྱ་ལྡན་པའི་འཚོ་བ་བསྐྱལ་རྒྱུ་བྱུང་ཡོད་པས། ཀྲུང་གོའི་དབང་པོ་སྐྱོན་ཅན་བྱ་བཞག་དེ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་མ་ཟད་འཛམ་གླིང་དང་འབྲེལ་མཐུད་ཐུབ་པའི་ལམ་བུ་ཞིག་གི་ཐོག་བསྐྱོད་ཡོད། ཉེ་བའི་ལོ་ལྔའི་ནང་། ཀྲུང་གོའི་གྲོང་ཁྱེར་དང་གྲོང་བརྡལ་དུ་དབང་པོ་སྐྱོན་ཅན་ས་ཡ་གཅིག་དང་དྲུག་འབུམ་གསར་ཏུ་ལས་ཞུགས་ཐུབ་ཡོད་པ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་དབང་པོ་སྐྱོན་ཅན་ས་ཡ་ལྔ་དབུལ་སྐྱོར་གསར་སྤེལ་བརྒྱུད་དབུལ་གྲོལ་ཐུབ་ཡོད། དབུལ་ཕོངས་དབང་པོ་སྐྱོན་ཅན་བྱེ་བ་གཅིག་གི་གཞི་རྩའི་འཚོ་བ་འགན་སྲུང་ཐུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་བཅོལ་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ཕྱེད་ཀ་ཡན་གྱི་ཞིང་ཆེན་དུ་དབུལ་ཕོངས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་ལྟ་སྐྱོང་ཁ་གསབ་ལམ་ལུགས་བཙུགས་ཡོད། དབང་པོ་སྐྱོན་ཅན་བྱེ་བ་གཅིག་དང་ས་ཡ་གཉིས་གཙོ་གནད་དྲག་སྐྱེས་ལས་གཞི་བརྒྱུད་ཚད་གཞི་མི་འདྲ་བའི་དྲག་སྐྱེས་ཐུབ་ཡོད། ཀྲུང་གོར་ད་ལྟ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་དང་བླངས་པ་ས་ཡ་བདུན་ལྷག་ཙམ་ཡོད་པ་དང་། དང་བླངས་པས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉི་འོད་བྱ་སྤྱོད་ཞེས་པ་ད་ལྟ་རྒྱལ་ཡོངས་ཀྱི་ས་ཆ་ཁག་ལ་དར་བཞིན་ཡོད། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་དང་བླངས་པའི་དཔུང་ཁག་སྟོབས་ཆེར་ཕྱིན་པ་དང་བསྟུན། དབང་པོ་སྐྱོན་ཅན་དགེ་སྒྲུབ་བྱ་བཞག་ཀྱང་སྔར་བས་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་སྒྲིག་འཛུགས་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་གི་ཡོད་ལ། རིག་གནས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཆ་ཁག་ལ་གཞི་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།